ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཆིའུ་ནས་ཧོ་ཧྥེ་བར་དང་དེ་ནས་ཧང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཧྲང་ཆིའུ་ནས་ཧོ་ཧྥེ་བར་དང་དེ་ནས་ཧང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཧོ་ཧྥེ་ནས་ཧུའུ་ཀྲོའུ་བར་གྱི་དུམ་བུ་ཟླ་6ཚེས་28ཉིན་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད། ལམ་ཐིག་དེ་ཧུའུ་ཀྲོའུ་བབས་ཚུགས་ནས་ནན་ཅིང་བར་དང་དེ་ནས་ཧང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་འབྲེལ་མཐུད་བྱས་པ་ཞིག་ཡིན་པ་དང་ཧང་ཀྲོའུ་བར་ཤར་གཏོང་ཐུབ་ཀྱི་ཡོད་པ་རེད། ཧྲང་ཆིའུ་ནས་ཧོ་ཧྥེ་བར་དང་དེ་ནས་ཧང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་སྟེ་ཧོ་ནན་དང་། ཨན་ཧུའེ། ཀྲེ་ཅང་བཅས་ཞིང་ཆེན་གསུམ་དུ་མྱུར་བགྲོད་ལྕགས་ལམ་འབྲེལ་མཐུད་ཐུབ་ཡོད་པ་རེད།

ཧྲང་ཆིའུ་ནས་ཧོ་ཧྥེ་བར་དང་དེ་ནས་ཧང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཧོ་ཧྥེ་ནས་ཧུའུ་ཀྲོའུ་བར་གྱི་དུམ་བུ་ནི་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་ནས་འགོ་བཙུགས་ཏེ། མ་ཨན་ཧྲན་གྲོང་ཁྱེར་ཧན་ཧྲན་རྫོང་ནས་ཝུའུ་ཧུའུ་གྲོང་ཁྱེར་དང་ཤོན་ཁྲེང་གྲོང་ཁྱེར་བརྒྱུད་དེ་ཀྲེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲོའུ་གྲོང་ཁྱེར་དུ་འབྱོར་གྱི་ཡོད། ལམ་ཐིག་ཧྲིལ་པོར་སྤྱི་ལེ311ཡོད་པ་དང་འཆར་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350(དེའི་ཁྲོད་ཝུའུ་ཧུའུ་ནས་ཤོན་ཁྲེང་བར་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ250ཡིན་པ)ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།