ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་རྒྱ་བར་གྱི་གནས་ཚུལ་ཞི་ལྷོད་དུ་གཏོང་རྒྱུར་མོས་མཐུན་བྱུང་།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན།ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་23ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་བཤད་དོན།ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མཐའ་སྲུང་དཔུང་སྡེས་ཟླ་6ཚེས་22ཉིན་མཐའ་མཚམས་ས་ཁུལ་དུ་ཅུན་དཔོན་རིམ་པའི་གྲོས་མོལ་ཐེངས་གཉིས་པ་བྱས་པ་དང་།འདི་ཡང་ཟླ6ཚེས15ཉིན་ཅ་ལེ་ཝན་ལུང་གཞུང་གི་དོན་རྐྱེན་བྱུང་རྗེས་ཀྱི་ཅུན་དཔོན་རིམ་པའི་གྲོས་མོལ་ཐོག་མ་དེ་ཡིན་པ་བརྗོད།
     ཀྲའོ་ལི་ཅན་གྱིས་ད་རེས་གྲོས་མོལ་བྱས་པ་ཡིས་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་ས་ཐག་གཅོད་འོས་འཚམ་དང་།དོན་རྐྱེན་དོ་དམ་ཚོད་འཛིན།དུས་བབ་ཞི་ལྷོད་དུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།གྲོས་མོལ་བྱེད་རིང་ཕྱོགས་གཉིས་པོས་ཅུན་དཔོན་རིམ་པའི་གྲོས་མོལ་ཐེངས་དང་པོའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོགམིག་སྔའི་མཐའ་མཚམས་དོ་དམ་ཚོད་འཛིན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐད་སྦ་གསང་མེད་པར་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་། དགོས་ངེས་ཀྱི་བྱ་ཐབས་སྤྱོད་རྒྱུ་མོས་མཐུན་བྱུང་ནས་གནས་ཚུལ་ཞི་ལྷོད་དུ་གཏོང་བར་སྐུལ་ཡོད།ཕྱོགས་གཉིས་པོས་ད་དུང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།