ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་དུག་འགོག་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་དུག་འགོག་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། རྒྱལ་ཡོངས་ཀྱི་དུག་འགོག་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་དུག་འགོག་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲའོ་ཁི་ཀྲི་ཡིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཁོས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་དེ་རྦད་ཆོད་སྒོས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་མིག་དཔེ་རུ་བཟུང་སྟེ།  ཆོད་སེམས་བརྟན་པོ་བཅངས་ཤིང་དཔའ་ངར་ཆེར་སྐྱེད་བྱེད་པ་དང་ནུས་ལྡན་བྱེད་ཐབས་སྤྱད་ནས་དུས་རབས་གསར་བའི་དུག་འགོག་གི་མི་དམངས་འཐབ་རྩོད་ལ་རྒྱལ་ཁ་གསར་བ་ལེན་དགོས་ཟེར།

ཚོགས་ཐོག་ནས་ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ་དུག་འགོག་བྱ་བའི་འཐབ་ཕྱོགས་སོ་སོ་རུ་བྱས་རྗེས་འབུར་ཐོན་བཞག་པའི་སྔོན་ཐོན་ཐུན་མོང་བརྒྱ་དང་སྔོན་ཐོན་མི་སྒེར་བརྒྱ་ལ་གཟེངས་བསྟོད་བྱས། གྲོས་ཚོགས་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པར་བརྟེན་ནས་ཚོགས་པ་དང་། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་སོ་སོའི་དུག་འགོག་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་གི་འཐུས་ཚབ་དང་སྔོན་ཐོན་མི་སྒེར་སོགས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།