ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྒྲགས་དོན། ཟླ6པའི་ཚེས21ཉིན་རང་རྒྱལ་དུ་གསར་དུ་གཏན་ཁེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ11ཡོད་པ་དང་དེའི་ཁྲོད་པེ་ཅིན་དུ་ནད་པ9ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས22ཉིན།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྒྲགས་དོན།  ཟླ6པའི་ཚེས21ཉིན་གྱི་དུས་ཚོད0ནས24བར།  ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར )དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་སྙན་ཞུའི་ནང་གསར་དུ་གཏན་ཁེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་གསར་བ18དང་།  དེའི་ཁྲོད་དུ་ཕྱི་འབྲེལ་ཁུལ་གྱི་ནད་པ7ཡོད་པ་དང་།(ཧྲང་ཧའེ་ཡི་ནད་པ3དང་།  ཧྲན་ཞི་ཡི་ནད་པ2།  ཐེན་ཅིན་གྱི་ནད་པ1།  ལིའོ་ཉིང་དུ་ནད་པ1།)  རང་རྒྱལ་གྱི་ནད་པ11ཡོད།(པེ་ཅིན་དུ་ནད་པ9དང་ཧོ་པེ་རུ་ནད་པ2ཡོད།)ཤི་བའི་ནད་པ་གསར་བ་མེད་པ་དང་དོགས་གཞི་ཅན་གྱི་ནད་པ་གསར་བ2ཡོད།  དེ་ལས་གསར་སྣོན་བྱས་པའི་ནད་པ་ཚང་མ་ས་གནས་དེ་གའི་ནད་པ་རེད།  །(ཕལ་ཆེར་ཚང་མ་པེ་ཅིན་དུ་ཡོད།)

རྩོམ་སྒྲིག་པ། : བདེ་ལེགས་མཚོ།