ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཆུ་བྱང་འདྲེན་དབུས་རྒྱུད་ཀྱི་ཆུ་འདྲེན་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ཆུ་གསབ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར9.5མངོན་འགྱུར་ཐུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། ལྷོ་ཆུ་བྱང་འདྲེན་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་ཆུ་འདྲེན་ཤུགས་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི420ཟིན་པའི་ལས་དོན་ལེགས་གྲུབ་ཟིན་པ་དང་། ལས་གྲྭའི་འཁོར་རྒྱུག་བཟང་ཞིང་བཀོད་གཏོང་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད། དེའི་རིང་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར19འདྲེན་པའི་ནང་སྣོད་བཅུད་ཆུ་གསབ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་9.5ཟིན་ནས། ཀྲུང་ཧྭ་བྱང་རྒྱུད་ས་ཁུལ་གྱི་ས་འོག་ཆུ་ཚད་ལས་བརྒལ་བ་སྔོག་འདོན་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་མཐོ་རུ་འགྲོ་ཐུབ་པ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཆུ་བྱང་འདྲེན་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་ཆུ་ཤར་གཏོང་ཐུབ་ཚུན། ལམ་རྒྱུད་ཀྱི་ཆུ་མཁོ་བའི་ས་ཁུལ་གྱི་ཆུའི་ཐོན་ཁུངས་ནུས་ལྡན་ངང་གསབ་ཐུབ་པ་བྱུང་ཡོད། པར་ཆས་ལ་བརྟེན་ཏེ་སྣོད་བཅུད་ཆུ་གསབ་ནས་ཆུ་མཁོ་བའི་ས་ཁུལ་གྱི་ཆུ་ཚད་ལས་བརྒལ་བ་སྔོག་འདོན་གྱི་རྣམ་པར་བཀག་འགོག་ནུས་ལྡན་ཐུབ་སྟེ། ས་ཆ་ཁག་གཅིག་གི་ས་འོག་ཆུ་ཁ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཧོ་པེ་ཞིང་ཆེན་གྱི་ས་འོག་ཆུ་ཁར་ལྟ་ཞིབ་ཚད་ལེན་བྱས་ཚུལ་གྱི་བརྡ་ཁྱབ་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་5པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ས་འོག་ཆུ་འདྲེན་ཆེ་བའི་ཁུལ་གྱི་ཆུ་ཁ་ལོ་གོང་མ་ལས་སྨི1.85མཐོ་རུ་ཕྱིན་ཡོད་པ་དང་རྫོང(གྲོང་ཁྱེར་དང་ཆུས)47གྱི་ཆུ་ཁ་མཐོ་རུ་ཕྱིན་ཡོད། ཧེང་ཧྲུའེ་དང་། པའོ་ཏིང་། ལང་ཧྥང་སོགས་ཁུལ་གྱི་ཆུ་ཁ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཤིན་ཐའེ་གྲོང་ཁྱེར་ཆི་ལི་ཆུ་བོའི་སྨད་རྒྱུད་ཀྱི་ཀའོ་ཐའོ་ཆུ་མིག་དང་པའེ་ཆོན་ཆུ་མིག་བསྐམས་ནས་ལོ་མང་སོང་ནའང་འདི་ལོ་སླར་ཡང་ཆུ་སྐྱེས་འགོ་ཚུགས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།