ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་གྱི་བོད་ཁུལ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་གཙོ་ཀྲང་ཡུན་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་ནས། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཚུན་གྱི་མཚོ་སྔོན་བོད་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་དང་དམངས་ཚིས་ལེགས་བསྒྱུར། སྤྱི་ཚོགས་གཏན་འཇགས། མི་རིགས་མཐུན་སྒྲིལ། ཕྱི་ཕྱོགས་སྒོ་འབྱེད། སྐྱེ་ཁམས་བཟང་བ། ཆོས་ལུགས་འགྲིག་མཐུན། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་དམིགས་ནས། ཉམས་མྱོང་བཟང་བོ་སྤྱི་སྡོམ་བྱས།

ཚེས་བཅུ་བཞི་ཉིན། རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་བོད་ཁུལ་བྱ་བའི་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན། རྟོག་ཞིབ་ཚན་ཆུང་གིས། ལོ་ངོ་མང་པོའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་ནན་མོ་བྱས་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ལ། གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་པ་དང་། བྱེད་ཐབས་ཇེ་ཞིབ་ཏུ་བཏངལ། བོད་ཁུལ་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་སུ་བཏང་བས། སྐྱེ་ཁམས་ཁོར་ཡུག་གྲུབ་འབྲས་མངོན་གསལ་བླངས་པ་དང། དམངས་ཚིས་བདེ་སྐྱིད་རྒྱུན་མ་ཆད་ཇེ་ལེགས་སུ་བཏང་ལ། སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་གཏན་འཇགས་ཡིན་པ་དང་། མི་རིགས་མཐུན་སྒྲིལ་བྱ་བ་བརྟན་བརླིང་ངང་སྤེལ་ལ། སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་བྱེད་ཐབས་ལ་དཔེ་བལྟ་བྱེད་རིན་ཆེན་པོ་ལྡན་ཟེར། རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཕྱོགས་སོ་སོའི་བསམ་འཆར་ལ་དབྱེ་ཞིབ་ནན་མོ་བྱེད་པ་དང་། འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱེད་པ། དུས་ཐོག་ཏུ་སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་ཕུལ་ནས། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ཐད་སྟོབས་ཤུགས་འབུལ་དགོས། བྱེད་ཐབས་སྣ་མང་བརྒྱུད་དེ་མཚོ་སྔོན་གྱི་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱས་ཏེ། མི་སྔར་ལས་མང་པོས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

མཚོ་སྔོན་དུ་རྟོག་ཞིབ་བྱེད་པའི་སྐབས་སུ། རྟོག་ཞིབ་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་། ཁྲི་ཀ་རྫོང་སོགས་ལ་སོང་ནས་དབུལ་ཐར་མཁྲེགས་གཏོར་དང་ཁོར་ཡུག་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་སོགས་ཐད་ནས་ཡུལ་དངོས་ལྟ་ཞིབ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།