ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཐེངས་བཞི་བཅུ་ཞེ་དྲུག་པ་དང་ཞེ་བདུན་པ་ཞེ་བརྒྱད་པ་བཅས་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཐེངས་བཞི་བཅུ་ཞེ་དྲུག་པ་དང་ཞེ་བདུན་པ། ཞེ་བརྒྱད་པ་བཅས་བཀོད། 

ཀྲུའུ་ཞིའི་བཀའ་རྒྱ་ཐེངས་ཞེ་དྲུག་པ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་སྒྲུབ་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བ་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་གྲོས་འཆམ་བྱུང་ནས་ཁྱབ་སྒྲོག་བྱས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། 

ཀྲུའུ་ཞིའི་བཀའ་རྒྱ་ཐེངས་ཞེ་བདུན་པ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་ནས་ཁྱབ་སྒྲོག་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། 

ཀྲུའུ་ཞིའི་བཀའ་རྒྱ་ཐེངས་ཞེ་བརྒྱད་པ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་དྲག་ཆས་ཉེན་རྟོག་བཅའ་ཁྲིམས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་ནས་ཁྱབ་སྒྲོག་བྱས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།