ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་སྲུང་སྐྱོབ་འཆར་ཟིན་སྐོར་ལ་གསལ་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས18ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་སྲུང་སྐྱོབ་འཆར་ཟིན་སྐོར་ལ་གསལ་བཤད་བྱས།

གསལ་བཤད་ལས་བསྟན་དོན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འཁེལ་བྱས་པ་ནི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་བྱེད་པ་དང་།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་དངོས་འབེབས་བྱེད་པའི་ལས་འགན་གལ་ཆེན་ཡིན་ཟེར།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་སྲུང་སྐྱོབ་འཆར་ཟིན་ལ་ལེའུ་དྲུག་ཡོད་པ་དང་། དེ་དག་ནི་སྤྱིའི་རྩ་དོན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་སྒྲིག་གཞི། ཉེས་སྤྱོད་དང་ཆད་གཅོད། གྱོད་དོན་དོ་དམ་ཁོངས་གཏོགས། བཅའ་ཁྲིམས་བཀོལ་སྤྱོད་དང་གོ་རིམ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་སྒྲིག་གཞི་བཅས་ཡིན་ལ། འཆར་ཟིན་ནང་དུ་གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའི་ནང་དོན་འདུ། གཅིག ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྩ་བའི་འགན་འཁྲི་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱེད་པའི་རྩ་ཁྲིམས་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་རྒྱུ། གཉིས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱེད་པའི་བསྲུང་བྱའི་ཁྲིམས་སྐྱོང་རྩ་དོན་གལ་ཆེན་གཏན་འཁེལ་གསལ་བོ་བྱེད་རྒྱུ། གསུམ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་སྒྲིག་གཞི་འཐུས་ཚང་དུ་འཛུགས་པ་དང་དེའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་རྒྱུ། བཞི། རིགས་བཞིའི་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་སྤྱོད་དང་ཆད་གཅོད་གཏན་འཁེལ་གསལ་བོ་བྱེད་རྒྱུ། ལྔ། གྱོད་དོན་དོ་དམ་ཁོངས་གཏོགས་དང་བཅའ་ཁྲིམས་བཀོལ་སྤྱོད་གོ་རིམ་གཏན་འཁེལ་གསལ་བོ་བྱེད་རྒྱུ། དྲུག ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་སྒྲིག་གཞི་གཏན་འཁེལ་གསལ་བོ་བྱེད་རྒྱུ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།