ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་ཚན་ཆུང་བགོས་ནས་དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་འགན་སྲུང་བཅའ་ཁྲིས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་ཚན་ཆུང་བགོས་ནས་གྲོས་ཚོགས་བསྡུས་ཏེ། དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་འགན་སྲུང་བཅའ་ཁྲིམས་འཆར་ཟིན་དང་བརྡས་ཐག་གཅོད་དུ་སྤྲོད་པའི་ནང་དོན་སོགས་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས། 

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ་དང་། རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ་བཅས་ཀྱིས་བལྟས་ནས། དམག་དཔུང་ལས་ཕྱིར་བུད་པའི་མི་སྣས་རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་རྒྱུ་འབྱོར་རྩ་ཆེན་ཡིན། དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་བྱ་བ་བཟང་བོར་བསྒྲུབ་པ་དེ་ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་ཡོང་བར་འགན་སྲུང་བྱེད་པ། དམག་དཔུང་དར་རྒྱས་ཀྱི་རྨང་གཞི་བརྟན་པ། སྤྱི་ཚོགས་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན། དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་འགན་སྲུང་བཅའ་ཁྲིམས་འཆར་ཟིན་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་བྱ་བར་འབྲེལ་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་བཅོས་བསྒྱུར་རེ་བ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་བྱ་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས་ན། དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པ་དང་། དམག་མི་ནི་སྤྱི་ཚོགས་ཡོངས་ཀྱིས་གོང་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་ཐུབ། གཅིག་གྱུར་བཀོད་འདོམ་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ། འགན་སྲུང་དང་སློབ་གསོའི་དོ་དམ་ལ་ཞབས་འདེགས་ཞུ་བར་དོ་སྣང་བྱེད་པ་དང་། དངོས་པོའི་ཐོབ་ཐང་དང་བསམ་པའི་སྐུལ་མ་ཟུང་དུ་སྦྲེལ་ནས་ད་ལྟར་ལག་བསྟར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་བའི་རྨང་གཞིའི་སྟེང་ལམ་ལུགས་ཇུས་འགོད་གསར་གཏོད་བྱས་ཡོད། གྲོས་ཚོགས་ལ་ཞུགས་པའི་མི་སྣས་ད་རུང་དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་འགན་སྲུང་བཅའ་ཁྲིམས་འཆར་ཟིན་གྱི་ནང་དོན་ཐད་ནས་བཟོ་བཅོས་གང་ལེགས་བྱེད་པའི་བསམ་འཆར་དང་གྲོས་གཞི་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།