ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་རེ་གཅིག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་རེ་གཅིག་པ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤེལ་བ་དང་། ཨུ་ཡོན་ཀྲང་ལེ་ཀྲ་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་གྲོས་ཚོགས་ལ་གཞུང་ཞབས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ་དང་། ཡིག་ཚགས་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ། མི་དམངས་དྲག་ཆས་ཉེན་རྟོག་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ཕུལ། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱུནལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་ཞིབ་བསམ་འཆར་ལ་གཞིགས་ཏེ། འབྲེལ་ཡོད་འཆར་ཟིན་གྲོས་གཞིར་བརྡས་ཐག་བཅད་པའི་མ་ཡིག་བཏོན། 

རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཡེ་སུའེ་ཡིས་གྲོས་ཚོགས་ལ་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་དང་ཆིངས་ཡིག་ལ་ཞུགས་པའི་ཆོད་དོན་འཆར་ཟིན་གྱི་མ་ཡིག་སྐོར་གྱི་སྙན་ཞུ་ཕུལ། 

རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཡའོ་པེན་གྱིས་གྲོས་ཚོགས་ལ་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་སྔོན་རྩིས་འཆར་ཟིན་དང་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་སྔོན་རྩིས་འཆར་ཟིན་སྙན་ཞུའི་ཞིབ་བཤེར་གནས་ཚུལ། དེ་མིན་ཆོད་དོན་གྱི་འཆར་ཟིན་མ་ཡིག་བཅས་ཀྱི་སྙན་ཞུ་ཕུལ། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་གྲོས་ཚོགས་ལ་བསྐོ་འཐེན་གྱོད་དོན་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། 

ཨུ་ཡོན་ཀྲང་གྲོས་ཚོགས་ནས་གོང་གི་འཆར་ཟིན་གྲོས་གཞི་དང་བརྡས་ཐག་བཅད་པའི་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།