ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དམག་དཔུང་ཡོངས་ཀྱི་འཐབ་ཇུས་དོ་དམ་ཐུན་མོང་སྦྱོང་བརྡར་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། དམག་དཔུང་ཡོངས་ཀྱི་འཐབ་ཇུས་དོ་དམ་ཐུན་མོང་སྦྱོང་བརྡར་དེ་ཉེ་ལམ་བརྙན་འཕྲིན་གྲོས་ཚོགས་བརྒྱུད་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། དམག་དཔུང་ཡོངས་ཀྱི་འཐབ་ཇུས་དོ་དམ་ཐུན་མོང་སྦྱོང་བརྡར་བསྡུ་བར་དོན་སྙིང་གལ་ཆེན་ལྡན་པས་རྩ་འཛུགས་ཞིབ་མོ་བྱེད་དགོས། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དོ་དམ་འདུ་ཤེས་གསར་བཅོས་བྱེད་པ་དང་འཐབ་ཇུས་བྱང་ཚད་མཐོར་འདེགས་སུ་གཏོང་བར་ཤུགས་སྣོན་པ་དང་། རང་རེའི་དམག་དཔུང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དངོས་འབེབས་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བ་སྒྲིག་བཟོ་བྱེད་པར་ཤུགས་སྣོན་དགོས། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཐུན་མོང་སྦྱོང་བརྡར་གྱི་གྲུབ་འབྲས་ལ་སློབ་སྦྱོང་དང་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་འཐབ་ཇུས་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་ནས། རང་རེའི་དམག་དཔུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཛུགས་སྐྲུན་བྱེད་པར་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་དང་ཀྲང་ཡུག་ཞ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥིན་ཧི་དང་ལིས་ཙོ་ཁྲིན། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་ཐུན་མོང་སྦྱོང་བརྡར་བྱ་འགུལ་ལ་ཞུགས། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་འབྲེལ་ཡོད་འགོ་ཁྲིད་པ་སོགས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཐུན་མོང་སྦྱོང་བརྡར་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།