ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔ་ཚན་བཅུ་གསུམ་པ”ཚུན་རང་རྒྱལ་གྱིས་བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི880བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་6ཚེས་17ཉིན་ནི་འཛམ་གླིང་གི་ཐང་རྒོད་ཅན་དང་ཐན་པ་འགོག་བཅོས་ཀྱི་ཉིན་མོ་ཐེངས་26པ་དེ་ཡིན་པ་རེད། གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་རང་རྒྱལ་གྱི་ཐང་རྒོད་ཅན་འགོག་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་བྱེ་འགོག་བྱེ་བཅོས་ལས་འགན་སྤྱི་ཆིང་ཁྲི་880ལེགས་སྒྲུབ་བྱས་པ་དང་། དེས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཅོས་སྒྲིག་ལས་འགན་གྱི་88%བཟུང་ཡོད།

རྒྱལ་ཡོངས་ཀྱི་ཐང་རྒོད་ཅན་དང་བྱེ་འགྱུར་གྱི་ལྟ་ཞིབ་ཚད་ལེན་བྱས་འབྲས་ཐེངས་ལྔ་པ་ལས་མངོན་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཐང་རྒོད་ཅན་དང་བྱེ་འགྱུར་གྱི་ས་ཞིང་རྒྱ་ཁྱོན་ལོར་ཆ་སྙོམས་སྤྱི་ལེ་ངོས་གྲུ་2424དང་སྤྱི་ལེ་ངོས་གྲུ་1980ཉུང་དུ་འགྲོ་བ་དང་བྱེ་རྡུལ་གནམ་གཤིས་བསྟན་ཚད་ལོར་ཆ་སྙོམས་20.3%ཉུང་དུ་ཕྱིན་ནས་སྔོ་ཁེབས་ཀྱི་ཆ་སྙོམས་ཁེབས་ཚད་བརྒྱ་ཆའི་གྲངས་0.7གྱིས་མང་དུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།