ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་ལ་ཁ་པར་བཏང་། ཞི་ཅིན་ཕིང་གིས་བསྟན་དོན། དཀའ་ཁག་གི་ཁྲོད་ནས་བརྩེ་སེམས་རྣལ་མ་མཐོང་ཐུབ་ལ། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དཀའ་ཁག་གི་དུས་སུ་ཐ་ཅི་ཁི་སི་ཐན་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རིགས་མི་འདྲ་བའི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་ཀྲུང་གོའི་རིམས་འགོག་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་རེད། ཐ་ཅི་ཁི་སི་ཐན་ལ་རིམས་ནད་བྱུང་རྗེས་ཀྲུང་གོ་ཕྱོགས་ཀྱིས་རང་ནུས་ཅི་ཡོད་ཀྱིས་དེའི་ཕྱོགས་ལ་རོགས་རམ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་ཆེད་མཁས་པས་བརྙན་རིས་བརྒྱུད་ནས་རིམས་ནད་སྔོན་འགོག་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱས་པ་དང་། ཀྲུང་གོའི་སྨན་བཅོས་ཆེད་མཁས་པའི་མཉམ་འབྲེལ་བྱ་བའི་ཚན་ཁག་ཐ་ཅི་ཁི་སི་ཐན་གྱི་ས་ཆ་ཁུལ་མང་པོར་སོང་ནས་ཧུར་བརྩོན་རང་བཞིན་གྱི་བྱ་སྤེལ་ཏེ། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འཕེལ་རྒྱས་ཐུན་མོང་ཚོགས་པ་དང་བདེ་འཇགས་ཐུན་མོང་ཚོགས་པའི་ནུས་པ་བཟང་པོ་གང་ལེགས་སྒོས་མངོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རང་ཉིད་ཀྱི་སྤུན་ཟླ་ལྟ་བུའི་ཐ་ཅི་ཁི་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། ཙུང་ཐུང་ཁྱེད་ཀྱི་འགོ་ཁྲིད་འོག་ཏུ་ཐ་ཅི་ཁི་སི་ཐན་སྔ་མོ་ནས་རིམས་ནད་ཀྱི་དམག་འཐབ་ལས་རྣམ་པར་རྒྱལ་བར་ཡིད་ཆེས་བརྟན་པོ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཧུར་ཐག་གིས་སྤེལ་ཏེ། ཐེངས་འདིའི་འཛམ་གླིང་སྤྱི་བའི་འཕྲོད་བརྟེན་གྱི་འགོག་སྲུང་དམག་འཐབ་ལས་མཉམ་རྒྱལ་བྱེད་དགོས་ཟེར།

ལཱ་ཧི་མིན་གྱིས་བསྟན་དོན། ཁྱེད་ཀྱི་འགྱུར་མེད་འགོ་ཁྲིད་འོག་ཏུ་ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པར་མ་ཟད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ནས་ཀྲུང་གོ་སྲིད་གཞུང་གི་ཁྱད་ཆོས་ལྡན་པའི་བཅོས་སྐྱོང་ནུས་པ་མངོན་པར་བྱས་ཡོད། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་གྱི་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་སླར་གསོའི་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།