ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་མཐུན་སྒྲིལ་སྒོས་རིམས་ནད་འགོག་བཅོས་བྱེད་པའི་དམིགས་བསལ་དབུ་ཚོགས་ལ་གཙོ་སྐྱོང་གནང་རྒྱུ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་6པའི་ཚེས17ཉིན་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་མཐུན་སྒྲིལ་སྒོས་རིམས་ནད་འགོག་བཅོས་བྱེད་པའི་དམིགས་བསལ་དབུ་ཚོགས་ལ་གཙོ་སྐྱོང་གནང་རྒྱུ་དང་བརྗོད་དོན་གཙོ་བོའི་གསུང་བཤད་གནང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

དམིགས་བསལ་དབུ་ཚོགས་ནི་ཀྲུང་གོ་ཕྱོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གཉིས་ཀྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལྷོ་ཨ་ཧྥེ་རི་ཁ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སའེ་ནེ་ཅ་ཨར་གྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་ཞིང་བརྙན་ལམ་གྱི་རྣམ་པས་སྤེལ་རྒྱུ་རེད། ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་ས་ཁོངས་ཀྱི་རྩ་འཛུགས་གཙོ་བོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་མིན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་གདན་ཞུས་ལྟར་ཕེབས་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཆེད་མངགས་གདན་ཞུའི་སྐུ་མགྲོན་གྱི་ངོས་ནས་ཚོགས་འདུར་གདན་འདྲེན་ཞུ་རྒྱུ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།