ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས127པར་མངའ་ཁོངས་ནང་གི་ཉོ་སྒྲུབ་ཚོང་པ་གདན་དྲངས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས127པ་ལྡོག་རྩིས་དུས་ལ་སླེབས་ཤིང་། གསར་འགོད་པར་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་ཀྱི་དྲ་ཐོག་ལས་སྟེགས་ཀྱི་ཉེར་སྤྱོད་མ་ལག་ཚང་མ་ཚོད་ལྟའི་ལས་དོན་ལེགས་གྲུབ་བྱུང་ནས་ཟླ6པའི་ཚེས15ཉིན་དངོས་སུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་རྒྱུ་རེད། སྐབས་འདིའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་ཀྱིས་སྲིད་གཞུང་གི་ཞབས་ཞུའི་ཆེད་དོན་ཁུལ་གསར་དུ་བཙུགས་ཏེ། སྲིད་ཇུས་ཀྱི་མཛུབ་ཁྲིད་དང་དྲ་ཐོག་བློ་འདྲི་སོགས་ཀྱི་བྱ་ཐབས་གསར་པ་ཁྱབ་གདལ་བཏང་ནས་ཉོ་སྒྲུབ་ཚོང་པ་དང་འགྲེམས་ཞུགས་ཚོང་པར་ཆེད་ལས་ཀྱི་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས། སྐབས་འདིའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་ཀྱིས་མངའ་ཁོངས་ནང་ཁུལ་གྱི་ཉོ་སྒྲུབ་ཚོང་པར་དྲ་ཐོག་གི་འབྲེལ་མཐུད་ལས་སྟེགས་མཁོ་འདོན་བྱས་ཏེ་གཅིག་འཐུས་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་འགྲེམས་ཞུགས་ཁེ་ལས་ལེགས་གྲས་དང་འབྲེལ་གཏུག་བྱེད་རྒྱུ་ཡིན་པ་རེད།

ཉེ་བའི་ལོའི་རིང་སྐབས་རེའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་ལ་ཞུགས་མཁན་ཁེ་ལས་ཁྲི་2.2ཙམ་ཟིན་པ་དང་། ཚོགས་འདུས་ལ་ཞུགས་པའི་མཁའ་ཁོངས་ཕྱི་རོལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་20ཙམ་ཟིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན། སྐབས་འདིའི་ཀྲུང་གོའི་ཕྱིར་གཏོང་ཚོང་ཟོག་ཚོང་འདུས་དྲ་ཐོག་ཏུ་གཉེར་བ་མ་ཟད། ད་དུང་མངའ་ཁོངས་ནང་གི་ཉོ་སྒྲུབ་ཚོང་པ་ཐེངས་དང་པོར་གདན་དྲངས་པ་རེད། སྒྲིག་འཛུགས་ཨུ་ལྷན་གྱི་འགན་འཁུར་བས། མཐོ་གསར་ལག་རྩལ་གྲུབ་འབྲས་ཚོང་འདུས་སྐབས་127པས་མངའ་ཁོངས་ནང་ཁུལ་གྱི་ཉོ་སྒྲུབ་ཚོང་པར་འབྲེལ་ཡོད་ཀྱི་སྟབས་བདེ་མང་པོ་སྐྲུན་པ་དང་། འགྲེམས་ཞུགས་ཁེ་ལས་ཀྱིས་ཕྱིར་གཏོང་ནང་ཚོང་དུ་སྒྱུར་རྒྱུར་ཞབས་འདེགས་ཞུས་ཏེ། རྒྱ་ཆེའི་ཁེ་ལས་དང་ཚོང་པའི་དྲ་ཐོག་ཉམས་ལེན་བྱེད་ཤུགས་ཆེ་བཏང་བ་བརྒྱུད། “དམིགས་བསལ་གྱི་དུས་སྐབས་དང་། དམིགས་བསལ་གྱི་དོན་སྙིང་། དམིགས་བསལ་གྱི་བྱ་ཐབས། དམིགས་བསལ་གྱི་ངོ་མཚར”བཅས་ཀྱི་དྲ་ཐོག་འགྲེམས་ཚོགས་སྐབས་ཤིག་གཉེར་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།