2020ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ཚོགས་ར་གཙོ་བོའི་གྲོང་ཁྱེར་གྱི་བྱེད་སྒོ་ཀོང་ཤིས་ཀུའེ་ལིན་དུ་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས13ཉིན་གྱི་སྔ་དྲོར། 2020ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ཚོགས་ར་གཙོ་བོའི་གྲོང་ཁྱེར་གྱི་བྱེད་སྒོ་ཀོང་ཤིས་ཀུའེ་ལིན་དུ་སྤེལ་འགོ་ཚུགས་ཤིང་། འགོ་ཚུགས་མཛད་སྒོའི་ཐོག་ཀུའེ་ལིན་གྱི་ཚོགས་ར་གཙོ་བོ་དང་པེ་ཅིང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་ར་གཉིས་བཙུགས་པ་དང་། དྲ་ལམ་སྦྲེལ་མཐུད་ཀྱི་ཐད་གཏོང་བརྒྱུད་ནས་ཐུན་མོང་ཐོག་གཉེར་བ་རེད།

འགོ་ཚུགས་མཛད་སྒོའི་ཐོག《རིག་དངོས་ལས་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་བཀྲག་མདངས་སྣོན——རིག་དངོས་ང་ཚོར་ཕྱོགས་པའི》མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་ནས《རྒྱལ་ཁབ་ཀྱི་གཅེས་ནོར་གྱིས་སྐད་ཆ་ཤོད་ཤེས་ཚེ》ཅེས་པའི་དུས་ཚིགས་གསུམ་པའི་སྒྲོག་འགྲེལ་ཁྱབ་གདལ་དང་། ཀྲུང་ཧྭའི་རིག་གནས་ཀུན་འདུས་སྨྱན་སྦྱོར་བརྒྱུད་གཏོང་གི་རྩེར་སོན་བརྩམས་ཆོས(སྨྱན་སྦྱོར་གསར་པ)ཀྱི་འོས་སྦྱོར་མིང་ཐོ་དང་། “རིག་དངོས་ཡག་ཤོས་ཀྱི་བདེ་འཇགས་སྲུང་སྐྱོང་པ་འཚོལ་ཞིབ”ཀྱི་འོས་སྦྱོར་མིང་ཐོ་ཡོངས་བསྒྲགས་བྱས་པ་མ་ཟད། ཀུའེ་ལིན་གྱི“ང་ཚོས‘རིམས་ནད’དང་འཐབ་རྩོད་བྱེད་བཞིན་ཡོད——རིག་གནས་དངོས་མང་སྟོན་ཚོགས་ལས་དོན་པས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་པར་རིས་འགྲེམས་སྟོན”གྱི་འགོ་ཚུགས་མཛད་སྒོ་ཡང་འཚོགས་པ་རེད།

འདི་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“རིག་དངོས་ལས་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་བཀྲག་མདངས་སྣོན”ཞེས་པ་ཡིན་ཞིང་། བྱེད་སྒོ་དེ་རྒྱལ་ཁབ་རིག་དངོས་ཅུས་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་ལས་ཚན་པར་བྱས་པ། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང(རིག་དངོས་ཅུས)དང་། ཀུའེ་ལིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་དབྱང་བརྙན་ལམ་བཅས་ཀྱིས་གཉེར་འགན་འཁུར་བ། ཀུའེ་ལིན་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་གཉེར་རོགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་རིང“རིག་དངོས་ལས་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་བཀྲག་མདངས་སྣོན་ཞེས་པའི”བརྗོད་དོན་གཙོ་བོའི་གླེང་སྟེགས་དང་། ཀོང་ཤིས་ཞིང་ཆེན་གྱིས་བཙུགས་པའི་སྒྱུ་རྩལ་ཁང་རྙིང་པའི་རྗེས་ཤུལ་སྲུང་སྐྱོང་ལས་གྲྭའི་འགོ་ཚུགས་མཛད་སྒོ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཞུགས་པའི་ཞལ་འདེབས་རྒྱག་པའི་མཛད་སྒོ ཀུན་འདུས་སྨྱན་སྦྱོར་ནས་ཀྲུང་ཧྭའི་རིག་དངོས་བརྒྱུད་གཏོང་གི་རྩེར་སོན་བརྩམས་ཆོས(སྨྱན་སྦྱོར་གསར་པའི)དྲ་ཐོག་འོས་སྦྱོར་འགྲེམས་སྟོན། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རིག་གནས་ཤུལ་བཞག་གི་ཤེས་བྱའི་འགྲན་སྡུར་ཆེ་མོ་སྐབས་བཅུ་གཉིས་པ། “ཁ་དོག་སྔོ་དམར་གྱི་དྲན་ཤེས། ཁྱིམ་གཞིས་ཆེན་པོ་སྲུང་ཞེས་པའི་ཀྲུང་གོའི་རིག་གནས་ཤུལ་བཞག་གི་མཛེས་རྩལ་འགྲེམས་སྟོན”སྐབས་བདུན་པ། ཀུའེ་ལིན་གྱི་རིག་གནས་ཤུལ་བཞག་གི་ཡོངས་བསྒྲཌ་སློབ་ཚན། 《འགུལ་སྐྱོད་ཤེས་རིག》གི་དུས་ཚིགས་གཉིས་པའི་ཐད་གཏོང་ལེ་ཚན་སོགས་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་རབ་དང་རིམ་པ་སྔ་རྗེས་སུ་སྤེལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།