ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས“འཛམ་གླིང་གི་ཁྲག་འབུལ་མཁན་ཉིན་མོ”ཐེངས་བཅུ་བདུན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས14ཉིན། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ཟི་ལིང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལྟེ་གནས་འཕྲོད་བསྟེན་ལས་སྒྲུབ་ཁྲུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཁྲག་རྒྱག་མཐུན་ཚོགས་དང་ཁྲག་གྲོན་ཆུང་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་ཏེ། “འཛམ་གླིང་གི་ཁྲག་འབུལ་མཁན་ཉིན་མོ”ཐེངས་བཅུ་བདུན་པར་རིན་མེད་ངང་ཁྲག་འབུལ་བའི་དྲིལ་བསྒྲགས་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ་བ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་འབྲེལ་ཡོད་བྱེད་སྒོར་ཞུགས།

ད་ལོའི“འཛམ་གླིང་གི་ཁྲག་འབུལ་མཁན་ཉིན་མོའི”བརྗོད་དོན་གཙོ་བོ་ནི“བདེ་འཇགས་ཁྲག་དྲོན་གྱིས་ཚེ་སྲོག་སྐྱོབ”ཅེས་པ་དེ་ཡིན་ཞིང་། འབོད་ཚིག་ནི“ཁྲག་སྦྱིན་ཕུལ་ནས་ཚེ་སྲོག་སྔར་ལས་བདེ་ཐང་ཡོང་བར་བྱེད་དགོས”ཞེས་པ་དེ་ཡིན། དེའི་དམིགས་ཡུལ་ནི་རིན་མེད་ཁྲག་འབུལ་མཁན་གྱིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བྱས་ཏེ། མི་རྣམས་ཀྱིས་བདེ་འཇགས་ཁྲག་གི་ངོས་འཛིན་ཇེ་མཐོར་གཏོང་རྒྱུ་དེ་ཡིན་པར་མ་ཟད། རང་རེའི་ཞིང་ཆེན་གྱི་རིན་མེད་ཁྲག་འབུལ་བྱ་གཞག་སྐྱོན་བྲལ་དང་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དང་། རིན་དོད་མི་དགོས་པར་ཟུངས་ཁྲག་འབུལ་བའི་བྱ་གཞག་འཕེལ་རྒྱས་གཏོང་བའི་དྲིལ་བསྒྲགས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ལོ་ན་རན་པའི་སྤྱི་དམངས་སྔར་ལས་མང་བ་དུས་བཀག་ལྟར་རིན་དོད་མི་དགོས་པར་ཟུངས་ཁྲག་འབུལ་བའི་ནང་ཞུགས་པར་སྐུལ་འདེད་གཏོང་བ། “སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཚན་གྱིས་མཐུན་སྦྱོར། སྤྱི་དམངས་རང་མོས། སྤྱི་ཚོགས་ནང་ཞུགས”བཅས་ཀྱི་རིན་མེད་ཁྲག་འབུལ་ལས་དོན་གྱི་ཡུན་ཕན་ལམ་སྲོལ་འཛུགས་པར་འབད་དེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་བྱེད་རྒྱུ་་དེ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།