ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བརྙན་རིས་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126103588_15918881885331n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་བརྙན་རིས་གྲོས་མོལ་མཛད། 

ལིས་ཁི་ཆང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་ཀྲུང་གོ་དང་འཇར་པན་གྱི་འགྲོ་འོང་དང་མཉམ་ལས་ལ་ཤུགས་རྐྱེན་ཐེབས་ཡོད་ཀྱང་། ཕྱོགས་གཉིས་ཀྱི་མཉམ་ལས་མཚམས་བཞག་མེད་པར་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཅང་མ་འགོར་བའི་སྔོན་ཀྲུའུ་ཞི་ཅིན་ཕིང་གིས་ཙུང་ལི་ཉིད་དང་ཁ་པར་གྲོས་མོལ་མཛད། ཀྲུང་གོའི་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་འཇར་མན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། གྲོས་མོལ་སྲུང་འཛིན་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ལིས་ཁི་ཆང་གིས་ཀྲུང་གོའི་རིམས་ནད་འགོག་རྒོལ་བྱ་བ་མཚམས་སྦྱོར་བྱས་པ་དང་། འཇར་མན་བར་གྱི་རིམས་འགོག་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པའི་ཚུལ་བསྟན། 

ལིས་ཁི་ཆང་གིས་བསྟན་དོན། རིམས་ནད་མཇུག་སྒྲིལ་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། ཉོ་ཚོང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེ་ཅན་ལ་ཡར་སྐུལ་བྱེད་དགོས། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་རྒྱ་བསྐྱེད་ནས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཡོང་ནས་དངུལ་གཏོང་བྱེད་པར་ཚོང་གཉེར་གྱི་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་འདོད་ཡོད། ཀྲུང་གོ་དང་འཇར་མན་གྱིས་ཕྱོགས་གཉིས་ཀྱི་སྒོ་འབྱེད་རྒྱ་བསྐྱེད་པ་དང་། མི་སྣའི་འགྲོ་འོང་གི་སྟབས་བདེའི་མྱུར་ལམ་བེད་སྤྱོད་གང་ལེགས་བྱས་ཏེ། ཁེ་ལས་ཀྱི་མཉམ་ལས་དང་ཐོན་ལས་སླར་གསོ་བྱེད་ཆེད། མཉམ་དུ་ཐོན་ལས་མུ་འབྲེལ་ཅན་དང་མཁོ་འདོན་མུ་འབྲེལ་ཅན་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་ནམ་རྒྱུན་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་མཐུན་སྒྲིལ་སྲུང་འཛིན་གྱིས་དར་རྒྱས་སུ་འགྲོ་བའི་སྣང་ཚུལ་མཐོང་འདོད་ཡོད། ཀྲུང་གོ་དང་འཇར་པན། ཀྲུང་གོ་དང་ཡོ་རོབ་གླིང་གིས་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་བྱེད་པ་ནི་ཕན་ཚུན་གྱི་ཐུན་མོང་ཁེ་ཕན་དང་འཚམ་པ་ཞིག་ཡིན་ལ། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་ཐུབ། འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་དང་། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་པའི་རེ་བ་ཡོད། ང་ཚོས་ཡོ་རོབ་གླིང་བར་གྱི་མཐོ་རིམ་འགྲོ་འོང་སྲུང་འཛིན་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སྔ་མོ་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་གྲོས་ཆོད་གྲོས་མོལ་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས། 

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོའི་མཐོ་རིམ་འགྲོ་འོང་ཟབ་པ་དང་རིམས་འགོག་ཐད་ནས་མཉམ་ལས་བཟང་བོ་བྱས་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། མུ་མཐུད་དུ་འཇར་མན་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བྱེད་པའི་རེ་འདོད་བཏོན་ཡོད་ལ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཡོ་རོབ་གླིང་དང་ཀྲུང་གོའི་མཐོ་རིམ་འགྲོ་འོང་ལ་གྲ་སྒྲིག་གང་ལེགས་བྱེད་པ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་ཆོད་གྲོས་མོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འཇར་མན་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

གྲོས་མོལ་མ་བྱས་གོང་། ཕྱོགས་གཉིས་ཀྱིས་རླངས་འཁོར་དང་མི་སྣའི་གསོ་སྦྱོང་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོ་སྤེལ། 

ཝང་དབྱེ་དང་ཧི་ལི་ཧྥུན་སོགས་གྲོས་མོལ་ལ་ཞུགས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།