ཞི་ཅིན་ཕིང་གིས་ཉིན་ཞའི་བྱ་བར་གཟིགས་ཞིབ་གནང་བ་དེར་ས་གནས་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་གཟིགས་ཞིབ་གནང་སྐབས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་དགོས་ལ། ཧུར་ཐག་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་མི་ལེགས་པའི་ཤུགས་རྐྱེན་ཁྱད་སེལ་བྱས་ནས། ཐོག་མར་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་འགན་སྲུང་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར། ཉིན་ཞའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ་མུ་མཐུད་དུ་དཔལ་འབྱོར་དར་རྒྱས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་ལེགས་སྒྱུར། མི་དམངས་ཕྱུག་སྒྱུར་བཅས་ཀྱི་མཛེས་པའི་ཉིན་ཞ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

ཉིན་ཞའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་དངོས་འབེབས་བཟང་བོ་བྱས་ཏེ། མཛེས་པའི་ཉིན་ཞ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།