ཟླ5པའི་ཟླ་མཇུག་བར་ངལ་ནུས་དབུལ་པོ་ཕྱིར་གླ་པར་སྐྱོད་མཁན་ན་ནིང་ལས་བརྒལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་5ཉིན་གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་31ཉིན་བར་འདི་ལོའི་ངལ་ནུས་དབུལ་པོ་ཕྱིར་གླ་པར་སྐྱོད་མཁན་ན་ནིང་ལས་བརྒལ་ཡོད་པ་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་སྤྱིར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ། འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ཀྱི་འགོ་ཡག་པོ་འཛུགས་པ། དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལམ་སྲོལ་སྤྱིར་ན་བཟོས་ཟིན་པ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པའི་རྣམ་པ་ཧ་ཅང་ཟབ་མོ་ཡོད་པ་རེད།

དབུལ་སྐྱོར་རྣམ་གྲངས་ལས་འགོ་འཛུགས་པའི་ཐད། ཟླ་5ཚེས་31ཉིན་བར་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱིས་རྣམ་གྲངས་ཁྲི་37.36ལས་འགོ་བཙུགས་པ་དང་ལས་འགོ་ཚུགས་ཚད་89.92%ཟིན་ཡོད་པ་རེད།

དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཐད། ཟླ་5ཚེས་31ཉིན་བར་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱིས་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་27960ལས་འགོ་བསྐྱར་འཛུགས་བྱས་ནས་ལས་འགོ་བསྐྱར་འཛུགས་བྱེད་ཚད་98%ཟིན་ཏེ་མི་འབོར་དབུལ་པོ་ཁྲི་81.31ལས་ཞུགས་ཐུབ་ཡོད་པ་རེད། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱིས་དབུལ་སྐྱོར་འཁོར་ཁང་28660ལས་འགོ་བསྐྱར་འཛུགས་བྱས་ནས་ལས་འགོ་བསྐྱར་འཛུགས་བྱེད་ཚད་98.6%ཟིན་ཏེ་མི་འབོར་དབུལ་པོ་ཁྲི་37.16ལས་ཞུགས་ཐུབ་ཡོད་པ་རེད།

འཛད་སྤྱོད་དབུལ་སྐྱོར་ཐད། ཟླ་5ཚེས་31ཉིན་བར་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱིས་ཁྱོན་དབུལ་སྐྱོར་ཐོན་རྫས་52190གཏན་འཁེལ་བྱས་པ་དེ་རྫོང་1532དང་མཁོ་སྤྲོད་ཚོང་པ་19223ལ་ཁྱབ་ཡོད་པ་རེད།

དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22དང་ཤར་རྒྱུད་ཀྱི་ལེའོ་ཉིང་དང་། ཅང་སུའུ། ཕུའུ་ཅན། ཧྲན་ཏུང་བཅས་ཀྱིས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་བརྒྱུད་རིམ་ཕབ་འཇུག་ལས་དོན་ནན་ཏན་ངང་སྤེལ་བ་དང་དབུལ་སྐྱོར་བརྟན་པོ་མ་བྱུང་བ་དང་མཐའ་ལུས་མི་འབོར་ཁྲི་46.91དབྱེ་འབྱེད་གསར་པ་བྱས་པ་དེ་ན་ནིང་མཐིལ་རྟོགས་བྱས་པ་ལས་མི་ཁྲི་19.16གསར་འཕར་བྱུང་ཡོད་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།