ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས9ཉིན་ཀྲུང་ཧྭ་རྒྱལ་ཡོངས་མཁོ་སྤྲོད་མཉམ་ལས་སྤྱི་ཁྱབ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཡུས་ཧུང་ཆིའུ་ཡིས་བཤད་རྒྱུར། ལོ3ནང་དུ་གཞི་རིམ་མཁོ་སྤྲོད་མཉམ་ལས་ཁང7000གསར་དུ་འཕེལ་རྒྱས་གཏོང་གང་ཐུབ་བྱ་དགོས་ལ། བསྡོམས་འབོར་ཁྲི3.9ཟིན་ནས་རྒྱུ་ནོར་མེད་པ་དང་། ལས་སྒོ་མེད་པ། མི་སྣ་མེད་པ་བཅས“མེད་པ་གསུམ”གྱི་གཞི་རིམ་མཁོ་སྤྲོད་མཉམ་ལས་ཁང་རིམ་བཞིན་མེད་པར་བཟོ་དགོས་ཟེར།
ཡུས་ཧུང་ཆིའུ་ཡིས་རྒྱལ་ཡོངས་མཁོ་སྤྲོད་མཉམ་ལས་ཁང་གིས་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འདེབས་གསོ་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བའི་ལས་གཞིའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གོང་གསལ་གྱི་སྐད་ཆ་དེ་དག་བརྗོད་པ་རེད།
ཡུས་ཧུང་ཆིའུ་ཡིས2019ལོར་རྒྱལ་ཡོངས་ཀྱི་མཁོ་སྤྲོད་མཉམ་ལས་ཁང་ཁོངས་གཏོགས་ཀྱི་བྲིན་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི4.6ཟིན་པ་དང་། ཁེ་སྤོགས་སྒོར་དུང་ཕྱུར466.6ཟིན་ཡོད། རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི1.6ཟིན། 2022ལོར་སླེབས་དུས་ཞིང་ལས་ཐོན་སྐྱེད་ཞབས་ཞུ་ལྟེ་གནས་ཁང་སྣ་ཚོགས་ཁྲི1.5འཛུགས་སྐྲུན་བྱ་དགོས་པ་དང་། ཞིང་ལས་ཐོན་ཁུལ་གཙོ་བོའི་ཤང་དང་གྲོང་རྡལ་ཡོངས་སུ་གཞི་རྩའི་ཆ་ནས་ཁྱབ་པར་བྱེད་དགོས་ཟེར།
ཡུས་ཧུང་ཆིའུ་ཡིས“གཞི་རིམ་མཁོ་སྤྲོད་ཁང་རྩ་འཛུགས་འཛུགས་སྐྲུན་ལས་གཞི”དང“རྫོང་སྟོང་དང་ཧྲེ་སྟོང”དར་སྤེལ་འཆར་གཞི་སྒྲིག་འཛུགས་དང་ལག་བསྟར་བྱེད་པར་བརྟེན་ནས། གཞི་རིམ་གྱི་མཁོ་སྤྲོད་ཁང་གི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། སྤུས་ཀ་བཟང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་ལ། དེ་དང་མཉམ་དུ་ལོ་3ནང་དུ་གཞི་རིམ་གྱི་མཉམ་ལས་ཁང5000སྒྱུར་བཀོད་རིམ་སྤོར་བྱེད་དགོས་ཞེས་བསྟན།
གཞན་ཡང་ད་ལོར་འབྲེལ་ཡོད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མཁོ་སྤྲོད་མཉམ་ལས་ཁང་གིས“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དང་དབུལ་ཐར་བྱས་མེད་པའི་རྫོང་དབུལ་པོ52སུ་མཁོ་སྤྲོད་མཉམ་ལས་ཁང་གི་རྩ་འཛུགས་སྒྲིག་གཞི་དང་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་སླར་གསོ་དང་འཛུགས་སྐྲུན་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ལོ་གསུམ་ནང་དུ་གཞི་རིམ་མཁོ་སྤྲོད་མཉམ་ལས་ཁང7000གསར་དུ་འཕེལ་རྒྱས་འགྲོ་བར་བརྩོན་ལེན་བྱས་པ།