ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་དབྱར་གནང་ཐུང་ཤོས་ལ་ཉིན6ལས་མི་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་ལོའི་དབྱར་གནང་ཐུང་ཤོས་ལ་ཉིན6ལས་མི་འདུག

སློབ་སྐབས་གཉིས་པ་རྫོགས་ལ་ཉེ་བས་ན། ས་གནས་སོ་སོས་དབྱར་ཁའི་གུང་གསེང་གི་བཀོད་སྒྲིག་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ད་ལོ་སློབ་མ་ཁག་གཅིག་ལ་དབྱར་ཁའི་གུང་གསེང་ཉིན6ལས་མེད་པས། དྲ་གྲོགས་ལ་ལས་ད་ལོའི་དབྱར་གནང་ལ“ལོ་རྒྱུས་སྟེང་གི་དབྱར་གནང་ཐུང་ཤོས”ཞེས་འབོད་ཀྱི་ཡོད།

1.jpg

ཀོང་ཏུང་ཞིང་ཆེན་ཧོ་ཡོན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《ཧོ་ཡོན་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི2020ལོའི་དཔྱིད་ཀའི་སློབ་དུས་ཀྱི་སློབ་ཐོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ལྟར་ན། ཧོ་ཡོན་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭའི2020ལོའི་དབྱར་ཁའི་གུང་གསེང་ཟླ7ཚེས26ཉིན་ནས་འགོ་འཛུགས་རྒྱུ་ཡིན་ལ། དམིགས་བསལ་གྱི་གནས་ཚུལ་མེད་ཚེ། 2021ལོའི་མཐོ་གསུམ་མཐར་ཕྱིན་སློབ་མ་གཏན་འབེབས་ལྟར་ཟླ8པའི་ཚེས1ཉིན་སློབ་གྲྭར་ལོག་དགོས། དེ་བས། སློབ་མ་ཁག་གཅིག་ལ་མཚོན་ན་དབྱར་གནང་ཉིན6ལས་མེད།

2.jpg

3.jpg

《བརྡ་ཐོའི》དེའི་ནང་བསྟན་དོན། སློབ་གྲྭ་ཆུང་འབྲིང་གི་ལོ་རིམ་ཁག་གིས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་དུས་ཆེན་དང་ངལ་གསོའི་དུས་ཚོད་ལ་སློབ་ཚན་བཀོད་སྒྲིག་བྱས་མི་ཆོག མཐོ་གསུམ་འཛིན་གྲྭར་གཟའ་མཇུག་གི་ཉིན་གཅིག་ལ་སློབ་ཁྲིད་བཀོད་སྒྲིག་བྱས་ཆོག་པ་མ་གཏོགས་ལོ་རིམ་གཞན་པར་གཟའ་མཇུག་ལའང་སློབ་ཁྲིད་བཀོད་སྒྲིག་བྱས་མི་ཆོག འབྲིང་རིམ་སློབ་གྲྭའི་དབྱར་གནང་གོང་གི་དུས་ཚོད་ལྟར་བཏང་ཆོག་ལ་སློབ་གྲྭ་རང་གིས་གཏན་འཁེལ་བྱས་ཀྱང་ཆོག འོན་ཀྱང་ཚོགས་དུས་ཟླ8པའི་ཚེས1ཉིན་ལས་བརྒལ་མི་ཆོག །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་པ། : བདེ་ལེགས་མཚོ།