ཞི་ཅིན་ཕིང་གིས་དབུལ་ཐར་དང་ཕྱོགས་ཡོངས་འབྱོར་འབྲིང་དེང་རབས་ཅན་བཅས་ཀྱི་ལམ་བུ་སྟེང་མི་རིགས་གཅིག་ཀྱང་ལུས་མི་རུང་བར་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་གྱི་ལི་ཐུང་ཁུལ་གསེར་གྱི་ཅིན་ཧྭ་ཡོན་སྡེ་ཁུལ་དུ་རྟོག་ཞིབ་གནང་། སྡེ་ཁུལ་འདི་རུ་རྒྱུན་སྡོད་མི་གྲངས13000ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་མི་གྲངས་ཕྱེད་ཀ་ཙམ་ནི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཡིན། སྡེ་ཁུལ་གྱི་ཐང་ཆེན་སྟེང་། ཞི་ཅིན་ཕིང་གིས་མང་ཚོགས་དང་མཉམ་དུ་བྱམས་བརྩེའི་ངང་ཁ་བརྡ་བྱས། ཁོང་གིས་མི་རིགས་སོ་སོ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཆ་ཤས་ཡིན་ཏེ། དབུལ་ཐར་དང་། ཕྱོགས་ཡོངས་འབྱོར་འབྲིང་། དེང་རབས་ཅན་བཅས་ཀྱི་ལམ་བུ་སྟེང་མི་རིགས་གཅིག་ཀྱང་ལུས་མི་རུང་བར་བསྟན་ལ། མི་རིགས་སོ་སོའི་མང་ཚོགས་ཀྱིས་ལག་གདེང་སྦྲེལ་ནས་མཉམ་དུ་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་མདུན་སྐྱོད་བྱེད་དགོས། འདིས་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་མཚོན་ཡོད་ལ། ང་ཚོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་མཚོན་ཡོད། ཏང་དང་སྲིད་གཞུང་གིས་རྒྱུན་ཆད་མེད་པར་འབད་བརྩོན་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ན། འབྱུང་འགྱུར་གྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ངེས་ཡིན་པར་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།