ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁར་ཁྱབ་བཤེར་ཐེངས་དང་པོ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁར་ཁྱབ་བཤེར་ཐེངས་དང་པོ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། རང་རྒྱལ་གྱི་རང་བྱུང་གནོད་འཚེ་ཉེན་ཁའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་རང་བྱུང་གནོད་འཚེ་སེལ་བའི་ཕྱོགས་བསྡུས་དོགས་ཟོན་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་དུ་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁར་ཁྱབ་བཤེར་ཐེངས་དང་པོ་བྱེད་རྒྱུ་གཏན་འཁེལ་བྱས།

ཁྱབ་བཤེར་བྱེད་ཡུལ་ནང་དུ་རང་བྱུང་གནོད་འཚེ་དང་འབྲེལ་བའི་རང་བྱུང་དང་སྤྱི་ཚོགས་ཀྱི་ས་ཁམས་རྒྱུ་རྐྱེན་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་ལས་ཁུངས་འདུ། ཁྱབ་བཤེར་ནང་དོན་ནི་གཙོ་བོ་རང་བྱུང་གནོད་འཚེ་ཐེབས་པར་ཞིབ་བཤེར་དང་དཔྱད་འཇོག་བྱེད་པ་དང་། མི་གྲངས་དང་སྡོད་ཁང་། རྨང་གཞིའི་སྒྲིག་ཆས་སོགས་ལ་ཞིབ་བཤེར་དང་དཔྱད་འཇོག་བྱེད་པ། ལོ་རྒྱུས་གནོད་འཚེ་ལ་ཞིབ་བཤེར་དང་དཔྱད་འཇོག་བྱེད་རྒྱུ་སོགས་འདུ། ཁྱབ་བཤེར་བྱེད་འགོ་རྩོམ་པའི་དུས་ཚོད་ནི་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཡིན།

བརྡ་ཐོ་ལས་ཁྱབ་བཤེར་བྱ་བ་སྒྲུབ་མཁན་དང་ཁྱབ་བཤེར་བྱེད་ཡུལ་གྱིས་ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་གཏན་འཁེལ་དང་ཐེངས་འདིའི་ཁྱབ་བཤེར་གྱི་རེ་བ་ལྟར། གནས་ཚུལ་ངོ་མ་ཡར་ཞུ་བྱེད་པ་དང་འབྲེལ་ཡོད་གཞི་གྲངས་འདོན་སྤྲོད་བྱེད་དགོས། ས་གནས་དང་ལས་ཁུངས། སྡེ་ཁག མི་སྒེར་གང་རུང་གིས་གནས་ཚུལ་ངོ་མ་ཇི་བཞིན་དུ་ཡར་ཞུ་བྱེད་པ་ལས་ཁྱབ་བཤེར་གཞི་གྲངས་རྫུན་བཟོ་བྱེད་མི་ཆོག་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།