ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ5Gསྦྲེལ་ཚུགས་གཟའ་འཁོར་རེར་ཁྲི1ལྷག་ཙམ་མང་དུ་སོང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 5Gཡི་ལག་ཁྱེར་སྤྲད་ནས་ལོ་གཅིག་སོང་རིང་རང་རྒྱལ་དུ་5Gའཕེལ་རྒྱས་མྱུར་པོ་ཕྱིན་ནས་དྲ་རྒྱའི་འཛུགས་སྐྲུན་མྱུར་ཚད་དང་གཞི་ཁྱོན་སྔོན་དཔག་ལས་བརྒལ་ཡོད་པ་རེད། བཟོ་འཕྲིན་པུའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་5Gསྦྲེལ་ཚུགས་གཟའ་འཁོར་རེར་ཁྲི་གཅིག་ལྷག་ཙམ་མང་དུ་འགྲོ་བའི་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་ཡོད། མིག་སྔར་5Gཡི་དུད་སྣེ་སྦྲེལ་མཐུད་བྱེད་ཚད་ཁྲི་3600ལྷག་ཙམ་ཟིན་ཡོད་པ་དང་ཟླ་བ་བཞི་པ་ཁོ་ནར་5Gསྤྱོད་མཁན་ཁྲི་700ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད།

ཟླ་5པའི་ཟླ་མཇུག་བར་ཀྲུང་གོ་སྒུལ་བདེས་5Gསྦྲེལ་ཚུགས་ཁྲི་14བསྐྲུན་ཡོད་པ་དང་འདི་ལོའི་ལོ་མཇུག་ཏུ་སྦྲེལ་ཚུགས་ཁྲི་30བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ་དང་དེ་དག་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་340ལ་ཁྱབ་རྒྱུ་ཡིན་པ་རེད། ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ལེན་ཐུང་ཡིས་རིམ་རྩིས་བྱས་ན། 5Gསྦྲེལ་ཚུགས་ཁྲི་14མཉམ་སྐྲུན་མཉམ་སྤྱོད་བྱས་ཡོད་པ་དང་ཕྱོགས་གཉིས་པོས་དུས་ཚིགས་གཅིག་གི་སྔ་སྣུར་དུ་ལོ་ཧྲིལ་པོར་སྦྲེལ་ཚུགས་ཁྲི་25བསྐྲུན་པའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

བཟོ་འཕྲིན་པུའུ་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ཁྲུན་ཚུང་གིས་དྲ་རྒྱའི་འཛུགས་སྐྲུན་ཐད་མིག་སྔར་རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་5Gསྦྲེལ་ཚུགས་ཁྲི་25ལྷག་ཙམ་བསྐྲུན་ཡོད་པ་དང་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་རང་རྒྱལ་གྱིས་5Gསྦྲེལ་ཚུགས་ཁྲི་60ལྷག་ཙམ་བསྐྲུན་རྒྱུ་ཡིན་པ་དང་དེ་དག་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་དུ་ཁྱབ་རྒྱུ་ཡིན་པ་རེད། བཀོལ་སྤྱོད་གསར་གཏོད་ཐད་རྒྱལ་ཡོངས་ཀྱིས་རིམ་རྩིས་བྱས་ན་5Gཡི་གསར་གཏོད་བཀོལ་སྤྱོད་ཁག་400ལྷག་ཙམ་སྤེལ་བ་དེ་དག་བཟོ་ལས་དང་། འགྲིམ་འགྲུལ། སྨན་བཅོས་སོགས་ལས་རིགས་མང་པོ་དང་འབྲེལ་བ་ཡོད་པ་རེད། སྐྲུན་བཞིན་པའི“5Gབཟོ་ལས་མཉམ་སྦྲེལ་དྲ་རྒྱའི”རྣམ་གྲངས་600ལྷག་ཙམ་ཡོད་པ་དང་ཐོན་ལས་འདེགས་སྐྱོར་ཐད་ཟླ་5པའི་ཟླ་མཇུག་བར་རྒྱལ་ནང་དུ་5Gལག་ཐོགས་ཁ་པར་རིམ་རྩིས་བྱས་ན་བྲིན་ཚད་ཁྲི་5985ཟིན་པ་དང་སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ཏུ་5Gལག་ཐོགས་ཁ་པར་འཚོང་ཚད་དུང་ཕྱུར་1.8ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།