ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་རྒྱུགས་ཟིན་པར་ཟླ་བ་གཅིག་ལས་ལྷག་མེད་པ་དང་། ས་ཆ་མང་པོས་སློབ་མའི་འགན་ལེན་དང་ཡིག་རྒྱུགས་སྒྲིག་ལམ་བཟོ་བཞིན་ཡོད་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས། སྤྱི་ལོ༢༠༢༠ལོའི་རྒྱལ་ཡོངས་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་གཅིག་གྱུར་ཡིག་རྒྱུགས་དེ་ནར་འགྱངས་ཟླ་བ་གཅིག་བཏང་བ་དང་། སྤྱི་ཟླ༧པའི་ཚེས༧ཉིན་ནས་བཟུང་འགོ་ཚུགས་རྒྱུ་ཡིན་པ་རེད། ཚེས༧ཉིན་ནས་བཟུང་། མཐོ་རྒྱུགས་གཏོང་བར་ཏག་ཏག་ཟླ་བ་གཅིག་ལས་ལྷག་མེད་པ་དང་། ས་ཆ་མང་པོས་ཡིག་རྒྱུགས་འགན་ལེན་དང་རྒྱུགས་རའི་རིམས་འགོག་སོགས་ཀྱི་ལས་དོན་དུས་ཚོད་དམ་འཛིན་གྱིས་སྒྲུབ་བཞིན་ཡོད་པ་རེད།

ད་ལོའི་མཐོ་རྒྱུགས་ནི་དབྱར་ཁ་ཚ་བ་ཆེ་ཤོས་ཀྱི་སྐབས་ལ་འཁེལ་བས། རྒྱ་ཆེའི་ཡིག་རྒྱུགས་ནང་ཞུགས་མཁན་སློབ་མ་ཚོར་ཡིག་རྒྱུགས་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད། མིག་སྔའི་བར་དུ། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་དང་། པེང་པུའུ། ཧོའེ་པེ། མ་ཨན་ཧྲན། ཤོན་ཁྲེང་། ཨན་ཆིང་སོགས་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་སློབ་གསོའི་ཚན་པས་མཐོ་རྒྱུགས་གཏོང་སར་མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར་བསྒར་རྒྱུ་ཡིན་ཞེས་ཁ་གསལ་བསྟན་ཡོད། ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་སློབ་གསོ་ཅུད་ཀྱི་ཅུད་ཀྲང་ཝང་ཐན་ཕིང་གིས། ད་ལོའི་མཐོ་རྒྱུགས་ཀྱི་རྒྱུགས་ར་ཚང་མའི་ནང་མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར་བསྒར་རྒྱུ་ཡིན་པ་དང་། སྤྱི་ཟླ༦པའི་ཟླ་མཇུག་གོང་བསྒར་ཟིན་པ་བྱས་ཏེ། རྒྱ་ཆེའི་སློབ་མ་རྣམས་ལ་ཡིག་རྒྱུགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད།

ཉིན་ཤས་གོང་། ཝུའུ་ཧན་གྲོང་ཁྱེར་སློབ་བསྡུའི་འགན་འཁུར་བས། ད་ལོའི་ཝུའུ་ཧན་གྲོང་ཁྱེར་གྱི་འབྲིང་རྒྱུགས་དང་། མཐོ་རྒྱུགས་ཀྱི་རྒྱུགས་ར་ཚང་མར་མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར་བསྒར་ནས། གྲང་བསིལ་བསིལ་གྱི་རྒྱུགས་ར་ཞིག་ལ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།