ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྟོན་གྲངས73.46ནས76.12བར་མཐོ་རུ་ཕྱིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་གྲོང་གསེབ་པུའུ་འཕེལ་རྒྱས་འཆར་འགོད་སིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཚེས་5ཉིན་ཡོངས་བསྒྲགས་བྱས་པའི《2019ལོའི་ཀྲུང་གོའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྙན་ཞུ》ལས་མངོན་པར། རང་རྒྱལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྟོན་གྲངས73.46ནས་76.12བར་མཐོ་རུ་ཕྱིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཞིབ་འཇུག་ཁང་གིས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་ཁུངས་དང་ཞིང་ལས་ཁུལ་དབྱེ་ཞིབ་འཇུག་སུའོ་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《སྙན་ཞུའི》ནང་། 2018ལོ་ནས་2019ལོ་བར་རང་རྒྱལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་བདུན་ཐད་ཡར་རྒྱས་ཆེན་པོ་བྱུང་བ་མངོན་པ་སྟེ།

གཅིག་ནི་རྒྱལ་ཡོངས་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། 2012ལོ་ནས་2018ལོ་བར་རྒྱལ་ཡོངས་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་73.46ནས་76.12བར་མཐོ་རུ་ཕྱིན་ནས་3.63%འཕར་ཡོད། རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་དུ་ལག་ལེན་བསྟར་ཁུལ་གྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་པས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་བལྟོས་བཅས་ཀྱིས་མཐོ་རུ་སོང་བ་དང་། 2018ལོའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་ཆ་སྙོམས་83.05ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་9.1%གིས་མཐོ་བ་ཡོད། གཉིས་ནི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་མུ་མཐུད་ལྗང་མདོག་ཅན་དུ་གཞན་སྒྱུར་བྱས་པ། ཚན་ལྡན་ཅན་གྱི་འདེབས་འཛུགས་དང་སྣོད་བཅུད་ཀྱི་བདེ་ཐང་གསོ་ཚགས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བས་ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཚད་མང་དུ་སོང་བ་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད། གསུམ་ནི་ཞིང་ལས་ཀྱི་ཐོན་ཁུངས་གྲོན་ཆུང་དང་བདག་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་པ། བཞི་ནི་ཞིང་ལས་ཐོན་སྐྱེད་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། ལྔ་ནི་ཞིང་ལས་སྣོད་བཅུད་མ་ལག་སྲུང་སྐྱོང་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ། དྲུག་ནི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། བདུན་ནི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་རིམ་བཞིན་ཆེ་རུ་སོང་བ་བཅས་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།