ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུས་བརྡ་ཐོ་བཀྲམ་སྟེ། 2020ལོའི་སློབ་གྲྭ་ཆེ་མོ་བ་དམག་མིར་བསྡུ་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད། བརྡ་ཐོའི་ནང་2020ལོར་སློབ་གྲྭ་ཆེ་མོ་བ་བསྡུ་བའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་། ལོ་འདི་གའི་སློབ་ཐོན་སློབ་མ་དམག་མིར་བསྡུ་འབོར་མང་དུ་བཏང་ནས་དཔུང་སྡེར་བྱང་ཚད་མཐོ་བའི་དམག་མི་དེ་བས་མང་བ་སླེབས་ཐུབ་པ་བྱ་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད།
བརྡ་ཐོའི་ནང་ས་གནས་ཁག་གིས་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་དང་སྲིད་ཇུས་ཀྱི་ལྕག་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། སློབ་གྲྭ་ཆེ་མོ་བ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། དམག་དོན་མི་སྣ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། དཔུང་སྡེའི་འཐབ་ནུས་ཆེ་རུ་གཏོང་ཆེད་བྱང་ཚད་མཐོ་བའི་དམག་མི་ཁ་གསབ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུས་ད་ལོའི་སློབ་གྲྭ་ཆེ་མོ་བ་དམག་མིར་བསྡུ་བའི་ལས་དོན་བཀོད་སྒྲིག་བྱས་པ།