ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཁེ་ལས34ཡིས་ཧུའུ་པེ་དང་མ་དངུལ་སྒོར་དུང་ཕྱུར3277ཟིན་པའི་གན་རྒྱ་བཞག་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས3ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་ཀྲུང་དབྱང་ཁེ་ལས་ཀྱིས་ཧུའུ་པེར་རིམས་ནད་རྗེས་བསྐྱར་དར་ཡོང་བར་རོམས་རམ་བྱེད་པའི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་ཏིང་ཤང་དབྱང་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཀྲུང་དབྱང་གི་ཁེ་ལས་34ཡིས་ཧུའུ་པེ་དང་རྣམ་གྲངས་72གན་རྒྱ་བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3277.25བཏང་བ་རེད། གན་རྒྱ་བཞག་པའི་རྣམ་གྲངས་གཙོ་བོ་ནུས་རྒྱུ་གསར་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། རིག་ནུས་བཟོ་སྐྲུན། ཆ་འཕྲིན་ལག་རྩལ། སྨན་རྫས་བདེ་ཐང་། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཡིན་པ་དང་མ་འཇོག་སྒོར་དུང་ཕྱུར་བརྒྱ་ཡན་བྱས་པའི་རྣམ་གྲངས་9ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།