ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་ནག་ཉེས་དང་འབྲེལ་བ་ཡོད་པའི་ནར་མ་སོན་པའི་མི689ལ་རོགས་རམ་སློབ་གསོ་བཏང་རྗེས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་གསལ་ལྟར་ན།ན་ནིང་ནག་ཉེས་དང་འབྲེལ་བ་ཡོད་པའི་ནར་མ་སོན་པའི་མི689ལ་མི་དམངས་ཞིབ་དཔྱོད་ཁང་གིས་རོགས་རམ་སློབ་གསོ་བཏང་རྗེས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་རེད།

རྒྱུས་ལོན་པ་ལྟར་ན།ན་ནིང་གི་ཟླ་དང་པོ་ནས་ཟླ11པའི་བར།བསྡོམས་པས་འཛིན་བཟུང་ཆོག་མཆན་ཐོབ་པའི་མི་ཁྲི2.91དང་གཏུག་བཤེར་བྱས་པའི་མི་ཁྲི་3.83ཡོད་མོད།འོན་ཀྱང་ཉེས་བསགས་ཡང་མོ་ཅན་ལ་ཁྲིམས་ལྟར་ཉེས་ཆད་ཡང་མོ་གཅོད་པ་རྒྱུན་འཁྱོངས་བྱས་ཏེ།བསྡོམས་པས་མི་ཁྲི1.5ལ་འཛིན་བཟུང་ཆོག་མཆན་མ་གནང་བ་དང་།མི་ཁྲི1.2ལ་གཏུག་བཤེར་མ་བྱས་པ་རེད།ན་ནིང་གི་སྔོན་མའི་ཟླ11པོར།བསྡོམས་པས་ཉེས་བསགས་དོགས་ཅན6265ལ་ཞར་བྱུང་ཆ་རྐྱེན་བཏོན་རྗེས་གཏུག་བཤེར་མ་བྱས་པར་མ་ཟད་རོགས་རམ་བྱས་ནས་སློབ་གསོར་བརྟག་དཔྱད་བྱེད་པར་ཤུགས་སྣོན་བྱས་པས།དུས་མཉམ་ལས9.67%འཕར་ཡོད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཐིང་དགུ་པའི་ཐིང་ཀྲང་ཧྲི་ཝེ་ཀྲུང་གིས་མཚམས་སྦྱོར་བྱས་པ་ལྟར་ན།ཞིབ་དཔྱོད་ཁང་གིས་ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚོད་མ་ལོངས་པའི་ནར་མ་སོན་པའི་མི་ཡང་གང་འདོད་དུ་གློད་པ་གཏན་ནས་མ་ཡིན་པར།ནུས་ལྡན་གྱི་ཐེ་གཏོགས་ཡོ་བསྲང་ནང་རྐྱེན་འཚོལ་ཞིབ་སྒོས་བཙུགས་ཡོད་པ་རེད།ཉེ་བའི་ལོ་འདི་འགར།བསླབ་བྱ་གཏོང་བ་དང་དོ་དམ་སློབ་གཅུན་ནན་མོ་བྱེད་དགོས་པའི་བཀའ་འབེབས་པ།སྲིད་གཞུང་གིས་བསྡུ་ཉར་སློབ་སྐྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བཀོལ་སྤྱོད་རང་བཞིན་མི་འདང་བ་དང་འཕྲོད་ཤུགས་མི་མཐོ་བ།ནུས་པ་འདོན་སྤེལ་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཡོད་པའི་དབང་གིས།ཧྲང་ཧའེ་དང་སི་ཁྲོན།ཅང་སུའུ།ཧོ་ནན།པེ་ཅིན་སོགས་ཀྱི་ས་གནས་ཞིབ་དཔྱོད་ལས་ཁུངས་ཁ་ཤས་ཀྱིས་འགྱུར་མཚམས་སྔོན་འགོག་དང་སྲུང་སྐྱོབ་ཆད་གཅོད་སོགས་ཀྱི་བྱ་བའི་ནང་རྐྱེན་བཏོན་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

དུས་མཚུངས་སུ།ཞིབ་དཔྱོད་ཁང་གིས་ནག་ཉེས་དང་འབྲེལ་བའི་ནར་མ་སོན་པའི་མི་མང་ཞིང་ནག་ཉེས་ཚབས་ཆེན་ཡོད་པའི་ས་ཁུལ་འབུར་དུ་ཐོན་པར་བྱས་ཏེ་རྡུང་རྡེག་བཏང་ལ།ནར་མ་སོན་པའི་མི་ལ་འཁྲིག་སྤྱོད་བཙན་གནོད་གཏོང་བའི་ཉེས་བསགས་ལ་རྡུང་རྡེག་ནན་མོ་བཏང་བས།ན་ནིང་གི་སྔོན་མའི་ཟླ11པོར་བསྡོམས་པས་བཙན་གཡེམ་དང་འཆལ་སྤྱོད་སོགས་ཀྱི་ཉེས་བསགས་གྱོད་དོན་ཉིས་ཁྲི་ཙམ་ཡོད།ནག་ཕྱོགས་སྟོབས་ཤུགས་ཀྱིས་ནར་མ་སོན་པའི་མི་ངན་ནག་རྩ་འཛུགས་སོགས་ཀྱི་ནག་ཉེས་བྱ་འགུལ་ནང་ཞུགས་པར་བསྐུལ་བ་དང་བཙན་གྱིས་ཞུགས་སུ་འཇུག་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བ་དང་།ཀྲའེ་ཅང་ཧང་ཀྲོའུ་ཡི་ཝུའུ་ཆེ་གེ་མོ་སོགས་ཀྱི་ནག་འབྲེལ་གྱོད་དོན་དང་ཅང་ཞིའི་ཞིང་ཀུའོ“ཐེན་ཡན་ཚོགས་པ”ཡིི་གྱོད་དོན་སོགས་ནར་མ་སོན་པའི་མིའི་ནག་འབྲེལ་གྱོད་དོན་སྐོར་ཞིག་གཟབ་ནན་གྱིས་བསྒྲུབས་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།