སློབ་གསོ་པུའུ་ཡིས་སློབ་གནས་གཉིས་པའི་སློབ་གསོ་མུ་མཐུད་སྤེལ་དགོས་པ་གསལ་པོ་བཏོན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པར་ཚེས29ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། མཐོ་རིམ་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་སློབ་མར་སྣ་མང་ཅན་གྱི་མཐོ་རིམ་སློབ་གསོ་རྒྱག་ཆེད་སློབ་གསོ་པུའུ་ཡིས་ཉེ་ཆར་བརྡ་ཐོ་བཀྲམ་ནས་མཐོ་སློབ་དཀྱུས་མར་མུ་མཐུད་སློབ་གནས་གཉིས་པའི་སློབ་གསོ་སྤེལ་དགོས་པ་གསལ་པོ་བཏོན་པ་རེད།

སློབ་གསོ་པུའི་མཐོ་རིམ་སློབ་གསོ་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། སློབ་མ་དེ་བས་མང་བ་སློབ་གནས་གཉིས་པའི་སློབ་གསོར་ཞུགས་པའི་དགོས་མཁོ་སྐོང་ཆེད་སློབ་མས་དེ་སྔའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དང་རིག་ཚན་མི་འདྲ་བའི་སློབ་གནས་གཉིས་པའི་ཆེད་ལས་ལ་མིང་འགོད་རྒྱུགས་སྤྲོད་བྱས་ཆོག་ལ་དེ་སྔའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དང་རིག་ཚན་གཅིག་མཚུངས་ཡིན་མོད། འོན་ཀྱང་དངོས་གཞིའི་ཚན་ཁག་གི་ཆེད་ལས་དང་རིགས་གཅིག་མཚུངས་མིན་པའི་སློབ་གནས་གཉིས་པའི་ཆེད་ལས་ལའང་མིང་འགོད་རྒྱུགས་སྤྲོད་བྱེད་ཆོག་པ་དེས་སློབ་མའི་ཆེད་ལས་སྦྱོང་ཁྱོན་ཆེ་རུ་ཆེས་ཆེར་བཏང་བ་རེད། དུས་མཚུངས་སློབ་གསོ་པུའུ་ཡིས་མཐོ་སློབ་ཀྱིས་རྒྱལ་ཁབ་ཀྱི་དགོས་མཁོ་ཆེ་བའི་སྤྱི་པའི་འཕྲོད་བསྟེན་དང་། སྔོན་འགོག་གསོ་རིག འཕྲལ་སྡོམ་ལག་རྩལ་དང་དོ་དམ། གློག་རྡུལ་ཆ་འཕྲིན། གྲངས་གཞི་ཆེ་མོ། དྲ་རྒྱའི་བར་མཐོངས་བདེ་འཇགས། འདུས་གྲུབ་གློག་ལམ། ནུས་རྒྱུའི་སྒུལ་ཤུགས། སྐྱེ་དངོས་དང་གསོ་བ་རིག་པ། རྒན་གསོ་བདག་སྐྱོང་། ཁྱིམ་ལས་ཞབས་ཞུ་སོགས་འབྲེལ་ཡོད་ཁྱབ་ཁོངས་སུ་སློབ་གནས་གཉིས་པའི་ཆེད་ལས་ཁ་སྣོན་བྱ་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་དང་མཐོ་སློབ་ཀྱིས“རྩེ་གྲ་གཉིས”ལ་བརྟེན་ནས་རིག་ཚན་ཆེད་ལས་བཙུགས་ཏེ་སློབ་གནས་གཉིས་པའི་ཆེད་ལས་ཁ་སྣོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།