དམངས་དོན་ཁྲིམས་གཞུང་འདི་ཁྱེད་ལ་ཕུལ་བ་ཡིན།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས28ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལ་གྲོས་འཆམ་བྱུང་བ་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་ལྔ་པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་བྱས་ཤིང་། ཞིན་ཧྭ་གསར་འགྱུར་ཁང་གིས་དབང་སྤྲད་པ་བཞིན་ཚེས1ཉིན་བཅའ་ཁྲིམས་འདི་འགྲེམས་སྤེལ་བྱས་པ་རེད།

དམངས་དོན་ཁྲིམས་གཞུང་འདིར་ཁྱོན་བསྡོམས་ལེ་ཚན7དང་དོན་ཚན1260ཡོད།  ལེ་ཚན་སོ་སོའི་གོ་རིམ་ནི་སྤྱིའི་དོན་ཚན་དང་།  རྒྱུ་དངོས་བདག་དབང་།  གན་རྒྱ།  མི་གཤིས་དབང་ཆ།  གཉེན་སྒྲིག་ཁྱིམ་ཚང་།  ཤུལ་འཛིན།  དབང་གནོད་འགན་འཁྲི་དང་ཞར་བྱུང་དོན་ཚན་བཅས་ཡིན་པ་དང་།  2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།  གཉེན་སྒྲིག་བཅའ་ཁྲིམས་དང་།  ཤུལ་འཛིན་བཅའ་ཁྲིམས།  དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན།   གསོ་ཉར་བཅའ་ཁྲིམས།  འགན་ལེན་བཅའ་ཁྲིམས།  གན་རྒྱའི་བཅའ་ཁྲིམས།  དངོས་པོའི་བདག་དབང་གི་བཅའ་ཁྲིམས།  དབང་གནོད་འགན་འཁྲིའི་བཅའ་ཁྲིམས།  དམངས་ཁྲིམས་ཀྱི་སྤྱིའི་སྒྲིག་སྲོལ་བཅས་དུས་མཚུངས་སུ་མེད་པར་བཟོ་རྒྱུ་ཡིན།

དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་གི་མིང་བཏགས་པའི་བཅའ་ཁྲིམས་དང་པོ་ཡིན། རང་རྒྱལ་གྱི་ཁྲིམས་གཞུང་སྡུད་སྒྲིག་ཁྲིམས་འཛུགས་ཀྱི་སྲོལ་བཏོད་པ་དང་།  དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།  དམངས་དོན་ཁྲིམས་གཞུང་སྡུད་སྒྲིག་བྱེད་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ལས་འགན་དང་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན།  བཅའ་ཁྲིམས་འདིས་རང་རྒྱལ་གྱི་ད་ལྟ་སྤྱོད་བཞིན་པའི་དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་ཚད་གཞི་གཞིར་བཟུང་ནས་ལེགས་བཅོས་དང་རྩོམ་སྒྲིག་དག་བཅོས་བྱས་པ་བརྒྱུད།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་བླང་བྱ་དང་མཐུན་ལ། རང་རྒྱལ་གྱི་གནས་ཚུལ་དངོས་དང་མཐུན་པ།  སྒྲིག་གཞི་ཚན་རིག་དང་མཐུན་པ་དང་།  གྲུབ་ཚུལ་གཟབ་ནན།  ཚད་ལྡན་ལུགས་མཐུན།  ནང་དོན་ཆ་ཚང་ཞིང་མཐུན་སྦྱོར་གཅིག་གྱུར་བཅས་ཡིན་པའི་ཁྲིམས་གཞུང་ཞིག་ཡིན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།