ཀྲུང་གོ་བོད་ཀྱི་དྲ་བ།

“གྲགས་ཅན་དམངས་གཉེར་ཁེ་ལས་ཧུའུ་པེར་སྐྱོད་པའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས30ཉིན་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་གོ་ཀོང་ཚའེ་བྱ་གཞག་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བའི“རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲགས་ཅན་དམངས་གཉེར་ཁེ་ལས་དང་མཉམ་དུ་རིམས་ནད་རྗེས་སླར་གསོ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ཧུའུ་པེར་སྐྱོད་པའི”བྱེད་སྒོ་སྤེལ་བ་རེད། འགོ་ཚུགས་མཛད་སྒོར་ཞུགས་པའི་དམངས་གཉེར་ཁེ་ལས་མཁས་ཅན་ཚོས་དྲ་ཐོག་དང་དྲ་ཕྱི་ནས་ཐོན་ལས་དབུལ་སྐྱོར་དང་། འཛད་སྤྱོད་དབུལ་སྐྱོར། ཚོང་འགུགས་མ་འདྲེན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་རིམས་ནད་རྗེས་ཀྱི་ཧུའུ་པེའི་དཔལ་འབྱོར་སླར་གསོ་ཡོང་བར་ཆ་རྐྱེན་བསྐྲུན་ནས་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།

འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཤུས་ལེ་ཅང་གིས་མིག་སྔར་ཧུའུ་པེའི་དཔལ་འབྱོར་སླར་གསོ་བྱེད་འགོ་ཚུགས་པས་དམངས་གཉེར་ཁེ་ལས་ཀྱིས་དེ་བས་གཞོགས་འདེགས་བྱས་ནས་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་ཆེན་པོའི་མདུན་དུ་དམངས་གཉེར་ཁེ་ལས་མང་པོར་རང་ངོས་ཀྱི་འཕེལ་རྒྱས་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད་མོད། འོན་ཀྱང་སྔར་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞུགས་ཏེ་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཕུལ་ཡོད། དེ་ལས་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་རྒྱལ་ཁབ་ལ་གཅེས་སེམས་ཆེན་པོ་འཆང་བཞིན་པ་གསལ་པོ་མངོན་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།