ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཞན་ཆ་ཁ་གསབ་སྐོར་གྱི་གནད་དོན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས1ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་གཅིག་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཞན་ཆ་ཁ་གསབ་སྐོར་གྱི་གནད་དོན་ཞེས་པ་བཀོད།

རྩོམ་ཡིག་ནང་བསྟན་དོན། མིག་སྔར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཞན་ཆ་ཁ་ཤས་ཡོད་པས་ངེས་པར་དུ་ཁ་གསབ་བྱེད་དགོས། ཞན་ཆ་དང་མི་འདང་ས་གཅིག་བསྡུས་བྱས་ཏེ་གནད་ཕིགས་མཁྲེགས་གཏོར་ལག་བསྟར་བྱེད་དགོས། བྱ་བའི་ཁྲོད་དུ་གཤམ་གསལ་གྱི་འབྲེལ་བ་འགའ་གསལ་བོར་ཤེས་པར་བྱེད་དགོས། གཅིག སྤྱི་ཡོངས་དམིགས་འབེན་དང་ཁེར་རྐྱང་དམིགས་འབེན་བར་གྱི་འབྲེལ་བ་གསལ་བོར་ཤེས་པར་བྱེད་དགོས། གཉིས། བལྟོས་མེད་ཚད་གཞི་དང་བལྟོས་བཅས་ཚད་གཞི་བར་གྱི་འབྲེལ་བ་གསལ་བོར་ཤེས་པར་བྱེད་དགོས། གསུམ། ངེས་ཚད་དབྱེ་ཞིབ་དང་ངོ་བོ་གཏན་ཁེལ་བརྡར་ཤ་གཅོད་པའི་བར་གྱི་འབྲེལ་བ་གསལ་བོར་ཤེས་པར་བྱེད་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དེ་ཕྱོགས་སོ་སོ་དང་འབྲེལ་བ་ཡོད་ནའང་ཞན་ཆ་ཁ་གསབ་བྱེད་པ་ནི་ལས་འགན་གཙོ་བོ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དམིགས་འབེན་གཙོར་འཛིན་པ་དང་ནན་ཏན་སྒོས་བྱ་བསྒྲུབ་དགོས་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱེད་དགོས། ས་གནས་སོ་སོའི་འཕེལ་རྒྱས་ཆུ་ཚད་ལ་ཁྱད་པར་ཡོད་པས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཇུག་བསྡུའི་དུས་སྐབས་ཀྱི་བྱ་བར་ཡང་གཙོ་ཕལ་གྱི་དབྱེ་བ་འབྱེད་དགོས། སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལ་ངོས་འཛིན་གསལ་བོ་བྱས་ཏེ། སྔར་བཞིན་གནས་པའི་ཞན་ཆ་དང་མི་འདང་ས་ཡར་ཞུ་བྱེད་པ་དང་། སྔོན་དཔག་གི་དུས་སྐབས་བཟང་བོ་ཆགས་པར་བྱེད་དགོས་ལ། འཕེལ་རྒྱས་ཀྱི་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཇུག་མཐའི་བྱ་བ་ལེགས་སྒྲུབ་བྱེད་པར་མ་ཟད་བབ་བསྟུན་མདུན་སྐྱོད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་སྐྱོད་འགོ་བརྩམས་དགོས་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མཐུན་སྦྱོར་འབྲེལ་མཐུད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།