ཀྲུང་གོ་བོད་ཀྱི་དྲ་བ།

​ཞིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་སྤྲད་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ5བའི་ཚེས25ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ》ཕུལ་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་5བའི་ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཞིན་ཧྭ་གསར་འགྱུར་ཁང་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ》འགྲེམ་སྤེལ་བྱེད་པར་དཔང་ཆ་སྤྲད་པ་རེད། ཟླ5བའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་སྙན་ཞུ་འདིར་ཆོག་མཆན་བཀོད་པ་རེད།

སྙན་ཞུ་ནང་ཕྱོགས་དྲུག་གི་ཐད་ནས་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་གཙོ་བོ་དག་ལ་ཕྱིར་དྲན་བྱས་པ་སྟེ། གཅིག་ནི་རྩ་ཁྲིམས་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱས་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། གསུམ་ནས་ཁྲིམས་ནང་གཏན་འཁེལ་བྱས་བའི་འགན་འཁྲི་གཞིར་བཟུང་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་བཏང་བ། བཞི་ནས་ཕྱོགས་ཡོངས་ནས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱབ་པ། ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བྱ་བར་ཁྱོན་ཡོངས་ནས་ཞབས་འདེགས་ཞུ་བར་དམིགས་ནས་ཕྱི་འབྲེལ་ལས་དོན་སྤེལ་བ། དྲུག་ནི་ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱེད་པར་རྩེ་གཅིག་ཏུ་དམིགས་ནས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་བཅས་རེད།

 མ་འོངས་པའི་དུས་མཚམས་ཤིག་གི་ལས་འགན་གཙོ་བོའི་སྐོར་ནས་སྙན་སྒྲོན་ནང་གསུང་རྒྱུར། གཅིག་ནི་ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་ལེན་བསྟར་ཐུབ་པརའགན་ལེན་བྱེད་དགོས་པ་དང་། གཉིས་ནི་ཁྱབ་ཁོངས་གལ་ཆེན་ཐད་ལ་ཁྲིམས་འཛུགས་བྱེད་པར་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་ཁྲིམས་ལྟར་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་དགོས་པ། བཞི་ནི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱེད་པ། ལྔ་ནི་ཧུར་ཐག་སྒོས་ཕྱི་འབྲེལ་ལས་དོན་སྤེལ་བ། དྲུག་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།