ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི“དྲུག་གཅིག”བྱིས་པའི་དུས་ཆེན་སླེབས་ལ་ཉེ་སྐབས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

 ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིར་རྒྱལ་ཡོངས་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་བརྒོལ་བྱེད་པའི་འཐབ་རྩོད་ཁྲོད། རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་བྱ་སྤྱོད་རླབས་པོ་ཆེ་རྣམས་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ཏང་དང་སྲིད་གཞུང་གི་འབོད་སྐུལ་ལ་ཉན་པ་དང་བྱ་སྤྱོད་དངོས་ཀྱི་སྟེང་ནས་རིམས་ནད་འགོག་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་ཏེ་རང་རྒྱལ་གྱི་ལོ་ཆུང་བྱིས་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞོན་ནུ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་ཆེར་འགྱུར་ངེས། དེང་རབས་ཀྱི་ཀྲུང་གོའི་ལོ་ཆུང་བྱིས་པ་རྣམས་ནི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མྱོང་བརྒྱུད་མཁན་དང་བདེན་དཔང་བྱེད་མཁན་ཡིན་ལ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གསར་པ་ཡིན་པ་རེད། རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ཀྱིས་སྙིང་རུས་ཆེན་པོས་ཤེས་བྱ་སྣ་མང་ལ་སློབ་སྦྱོང་བྱེད་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། བློ་སྤོབས་ཆེན་པོ་དང་ལུས་སྟོབས་ཆེན་པོས་སྦྱོང་བརྡར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ཡོངས་བཅས་ཀྱིས་ལོ་ཆུང་བྱིས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་ལོ་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་དགོས། གུང་གཞོན་ཚོགས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་རབས་གསར་པ་གསོ་སྐྱོང་བྱ་རྒྱུ་དང་། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྒྱུར་བཅོས་གསར་གཏོད་ཟམ་མི་ཆད་པར་བྱེད་པ་དང་ལས་དོན་ཧུར་ཐག་སྒོས་སྤེལ་ནས་ཏང་གི་ལོ་ཆུང་བྱིས་པའི་བྱ་གཞག་ཆེད་དེ་ལས་མང་བའི་ལེགས་སྐྱེས་གསར་པ་དབུལ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།