ཀྲུང་གོ་བོད་ཀྱི་དྲ་བ།

​སྡེ་ཁག་དགུ་ཡིས་མཉམ་འབྲེལ་གྱིས་བརྡ་ཐོ་བཏང་སྟེ་བྱིས་པའི་དུས་ཆེན་གྱི་དགའ་སྟོན་བྱ་འགུལ་ལ་བཀོད་སྒྲིག་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་དྲ་བ།   རྩོམ་པ་པོ། : ལོ་ཙཱ་བ།བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་སོགས་སྡེ་ཁག་དགུ་ཡིས་མཉམ་འབྲེལ་གྱིས་བརྡ་ཐོ་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དགའ་སྟོན་བྱ་འགུལ་རབ་དང་རིམ་པ་སྤེལ་བར་བཀོད་སྒྲིག་བྱས། 

བརྡ་ཐོ་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་མཉམ་འབྲེལ་མཉམ་འཛིན་རྐྱེན་སྲོལ་གྱི་བཀོད་སྒྲིག་རེ་བ་དང་ས་ཁུལ་སོ་སོའི་རིམས་ནད་འགོག་སྲུང་བྱ་བའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། དྲ་ཐོག་སོགས་བབ་མཐུན་གྱི་བྱེད་ཐབས་སྤྱད་ནས། བརྗོད་སྙིང་འབུར་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པ། བྱིས་པ་དག་ཟབ་ཞུགས་བྱེད་པར་དགའ་བའི་དྲིལ་སྒྲོག་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་དགོས་པར་བསྟན།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།