ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆོད་དོན་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་དྲ་བ།     སྤེལ་དུས། : 2020-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་པེ་ཅིང་ནས་འགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆོད་དོན་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་བའི་འཕྲོད་བསྟེན་བཅའ་ཁྲིམས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་མཛུབ་སྟོན་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་དང་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་བཅའ་ཁྲིམས་ཀྱི་འགན་སྲུང་ཚད་ཐིག་སྲུང་འཛུགས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་བོར་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་སྟེ། སྤྱི་བའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན། ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་རེ་བ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག ཚོགས་མ་ཐག་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་བྱས་ནས། སྤྱི་བའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་བའི་བྱེ་བྲག་གི་འགུལ་སྐྱོད་ཡིན། ཁྲིམས་བསྟར་ཞིབ་བཤེར་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་རེ་བ་དེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱི་ལག་ལེན་དངོས་འབེབ་ལ་སྐུལ་འདེད་གཏོང་བ། མ་ལག་འཛུགས་སྐྲུན་ལ་རྐང་འཛུགས་པ་དང་ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་ལ་དཔྱོད་འཇོག་བྱས་ཏེ་བཅའ་ཁྲིམས་བཟོ་བཅོས་བྱ་བར་ཁུངས་ལུང་འདོན་སྤྲོད་བྱེད་དགོས་པར་བསྟན། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། སེམས་ཞིབ་མོས་ཁྲིམས་བསྟར་ཞིབ་བཤེར་གྱི་རྩ་འཛུགས་ལག་བསྟར་བྱ་བ་བཟང་བོར་བསྒྲུབ་དགོས། ཆོད་དོན་དང་བཅའ་ཁྲིམས་དམ་འཛིན་བྱས་ཤིང་། བཅའ་ཁྲིམས་གཞི་འཛིན་སའི་ཚད་གཞིར་བྱས་ནས་འབྲེལ་ཡོད་ཕྱོགས་ཀྱི་དོན་ཚན་རེ་རེ་བཞིན་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོད་དོན་དང་བཅའ་ཁྲིམས་ལག་བསྟར་བྱས་པའི་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། བཅའ་ཁྲིམས་ལག་བསྟར་བྱེད་པའི་འབུར་ཐོན་གནད་དོན་དང་མིག་དཔེའི་དཔེ་སྲོལ་དམ་འཛིན་བྱེད་མཁས་པར་བྱས་ནས། ངེས་པ་དོན་གྱི་ལྟ་རྟོག་གི་གནོན་ཤུགས་ཆགས་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་རྩ་གནད་ཞིབ་མོའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསྟུད་མར་སྤྱོད་ཚུལ་ལེགས་བཅོས་བྱེད་པ། བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཞིབ་བཤེར་ལ་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡའོ་ཡའོ། ཏེན་ཀྲུང་ལིས་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་གཏམ་བཤད་སྤེལ། 

ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་ལས་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚན་གཙོའི་འགན་ཁུར་ཡོད་པ་དང་། ཞིབ་བཤེར་ཚན་ཆུང་བཞིར་བགོས་ནས་ཞིང་ཆེན་བརྒྱད་དུ་སོང་སྟེ་ཡུལ་དངོས་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཞོར་དུ་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞན་པས་ཞིབ་བཤེར་བྱེད་པར་ངག་བཅོལ་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།