ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་དྲ་བ།     སྤེལ་དུས། : 2020-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དགུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་ལས་འགན་གཙོ་བོ་ལས་བགོས་བྱེད་པ་དང་། སྲིད་ཇུས་དང་བྱ་བའི་དངོས་འབེབ་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་གཏན་འཁེལ་བྱས། 

གྲོས་ཚོགས་ནས་བསྟན་དོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ནས་གྲོས་འཆམ་བྱུང་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་མི་དམངས་མང་ཚོགས་ཀྱི་རེ་འདུན་མངོན་པར་མཚོན་ཡོད་པ་དང་། སྤྱི་ཚོགས་ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་འདུས་ཡོད་ལ། རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲིའི་ཡི་གེ་དང་དམག་རྒྱའི་དམ་བཅའ་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་དངོས་འབེབ་བྱེད་དགོས། གྲོས་ཚོགས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལས་བཏོན་པའི་ཕྱོགས་ཞེ་བཞིའི་ལས་འགན་གཙོ་བོ་སྣ་ང་གཅིག་རེ་རེ་བཞིན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་ཏུ་དབྱེ་བགོ་བྱས་ཡོད་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གཅིག་ནས་རིམ་པ་སོ་སོའི་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་བྱེད་དགོས་པ་དང་། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་བཀོད་འདོམ་བྱས་ཤིང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པར་དམིགས་ནས་དཀའ་ཁག་སེལ་བ་དང་ཚོང་རའི་གསོན་ཤུགས་སྐུལ་སྤེལ་བྱེད་པའི་གཞི་རྒྱ་ཅན་གྱི་སྲིད་ཇུས་ལག་བསྟར་བྱ་བ་དམ་འཛིན་བྱས་ཏེ། སྟེར་དགོས་བའི་མ་དངུལ་མྱུར་དུ་སྟེར་བ་དང་། འགྲེམ་དགོས་པའི་དངུལ་བུན་མྱུར་དུ་འགྲེམ་པ། འདོན་དགོས་པའི་འཐུས་ཚང་བྱེད་ཐབས་མྱུར་ད་འདོན་དགོས། གཉིས་ནས་ཤུགས་ཆེན་པོས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་འགན་འཁྲིའི་འདུ་ཤེས་དང་དགོས་གལ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བྱ་བའི་དངོས་འབེབ་ནན་འཛིན་དང་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་དགོས་ཟེར། 

གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱི་རིམས་ནད་གནས་ཚུལ་དང་དཔལ་འབྱོར་གནས་བབ་ཀྱི་འགྱུར་ལྡོག་གསར་བར་དོ་སྣང་བྱེད་པ་དང་། གཙོ་བོ་སྲིད་ཇུས་ལག་བསྟར་བྱེད་སྐབས་ཀྱི་གནད་དོན་ལ་རྒྱུས་ལོན་དང་ཐག་གཅོད་བྱས་ཏེ་དུས་ལྟར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ལ། དགོས་མཁོ་ལྟར་དུ་དགོས་ངེས་ཀྱི་བྱེད་ཐབས་གསར་བ་བཏོན་ནས། དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོང་བ་དང་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། : གསང་བདག་རྒྱལ།