ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་གནང་བའི་ལས་དོན་སྙན་ཞུར་ཉན་པ་དང་གྲོས་ཞིབ་གནང་བ་རེད།  ཚོགས་འདུའི་ཐོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་།  སྙན་ཞུའི་ནང་བཏོན་པའི་དུས་རིམ་རྗེས་མའི་ལས་ཀའི་བཀོད་སྒྲིག་ལ་མོས་མཐུན་བྱུང་བ་དང་།  སྙན་ཞུ་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད་པ་རེད།

 གྲོས་ཚོགས་ཀྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་།  “འདུ་ཤེས་བཞི”དང“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱ་དགོས་ཤིང་།  གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་འགོ་ཁྲིད་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་།  རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ཏེ།  རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་།  ཁྱོན་ཡོངས་ནས་དཔལ་འབྱོར་འཕེལ་རྒྱས་སྲུང་སྐྱོང་དང་།  སྤྱི་ཚོགས་བརྟན་ལྷིང་དང་དྲང་གཞག་དྲང་བདེན།  སྲུང་སྐྱོང་བཅས་བྱེད་པར་ཤུགས་རྒྱག་དགོས།  ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་རྒྱུན་མཐུད་ངང་གཏོང་ཟབ་དུ་གཏོང་བ་དང་།  གང་མགྱོགས་ཀྱིས་རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་བྱེད་པ།  ཉམས་སད་ཐེག་ཐུབ་པའི་རུ་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་།  འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར།  སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་གྱི་སྐུལ་འདེད་གཏོང་བ་དང་།  དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ནུས་ལྡན་གྱི་ཁྲིམས་འཛིན་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།