ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་བསྒྲིལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126041896_15905919909971n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་སྟེ། ཚེས27ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་བདེ་ལེགས་ངང་མཇུག་སྒྲིལ་བ་རེད། གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རྩ་འཛུགས་རིམ་པ་ཁག་དང་། ཚོགས་ཞུགས་སྡེ་ཁག་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ལས་དོན་ཏན་ཏིག་གིས་བསྒྲུབ་པ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། མི་དམངས་སྲིད་གྲོས་ནི་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་གཡུལ་ས་གལ་ཆེན་དང་། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་བ་འདུམ་ཐབས་དང་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བའི་ཐབས་ལམ་གལ་ཆེན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱེད་ཅིང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འབྱུང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷུར་ཐག་བྱེད་དགོས་ཞེས་འབོད་སྐུལ་གནང་། 

1126041896_15905920676521n.jpg

གྲོས་ཚོགས་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིག་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིག་ཤིན་ཁྲིན། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། 

ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་གསུམ་པར་མཇུག་སྒྲིལ་ཚོགས་འདུ་འགོ་ཚུགས་པ་དང་། ཝང་དབྱང་གིས་གསལ་བསྒྲགས་སྤེལ་དོན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཨུ་ཡོན2151ཞུགས་དགོས་པ་དང་། མི2043དངོས་སུ་སླེབས་ཡོད་པས། གཏན་འབེབས་བྱས་པའི་མི་གྲངས་དང་མཐུན།

ཚོགས་ཐོག་ནས་ལི་པིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས། ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད། ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་མགྲིན་གཅིག་ཏུ་མོས་མཐུན་བྱས་ཏེ་རྒྱབ་སྐྱོར་གནང་ཡོད།

ཝང་དབྱང་གིས་གསུང་བཤད་གནང་སྐབས་བསྟན་དོན། ད་ཐེངས་ཀྱི་གྲོས་ཚོགས་ནི་རང་རྒྱལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པའི་གནད་འགག་དུས་སྐབས་སུ་འཚོགས་པ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྲོས་ཚོགས་སུ་ཕེབས་ནས་ཨུ་ཡོན་དང་ལྷན་དུ་རྒྱལ་དོན་གྲོས་མོལ་གནང་བ་རེད། ཨུ་ཡོན་ཡོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ནས། ཧུར་ཐག་གིས་ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གོང་བུར་བསྒྲིལ་ཏེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གལ་ཆེན་གང་ལེགས་སྒོས་མཚོན་ཡོད་སྟབས། དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཡིན་པའི་ཚོགས་ཆེན་ཞིག་རེད་ཅེས་བསྟན། 

ཝང་དབྱང་གིས་བསྟན་དོན། ད་ལོ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འདྲེས་མཚམས་ཀྱི་ལོ་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་ངོ་བརྒྱ་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སྟེ“ཁྱོན་ཡོངས་གཉིས”བློ་ལ་བརྟན་པོར་འཆང་དགོས་པ་དང་། བྱ་སྤྱོད་དངོས་དང་འགན་འཁྲི་བསྒྲུབས་པའི་ཕན་འབྲས་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཚད་ལྡན་གྱི་ཡིག་ལན་སྤྲོད་དགོས། རིམས་འགོག་འཐབ་རྩོད་ཆེན་མོའི་ཁྲོད་སྟོབས་ཤུགས་བསྡུ་ལེན་དང་ཡིད་ཆེས་བརྟན་པོ་བཅིངས་ཏེ། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ཉེན་ཁའི་ཚོད་བགམ་ལ་ཁ་གཏད་འཇལ་བའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་གང་ལེགས་བྱེད་དགོས། དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས་འགན་འཁྲི་སྒྲུབ་ནུས་མཐོར་འདེགས་དང་ལས་ཀའི་ཕན་འབྲས་དངོས་ཆེ་རུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སྤྱོད་ཚུལ་དངོས་དང་འགན་འཁྲི་སྒྲུབ་ནུས་ཟུང་འབྲེལ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་དང་སེལ་ཐབས་བྱེད་དགོས་ལ། ཐབས་བརྒྱ་ཇུས་སྟོང་གིས་ཇུས་འདོན་སྲིད་སྐྱོང་ལ་ཕན་པ་དང་། ངོས་འཛིན་གཅིག་མཐུན་ལ་ཕན་ནུས་ཐོན་པར་འབད་བརྩོན་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་འགན་འཁྲི་བསྒྲུབས་པའི་ཕན་འབྲས་ལ་ཁག་ཐེག་བྱེད་དགོས། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ཁོངས་མི་ཡག་པོ་ཞིག་བྱེད་པའི་གཞི་རྩའི་འཇོན་ཐང་ཇེ་དྲག་ཏུ་གཏོང་བ་དང་། དཔེ་ཆ་མང་ཙམ་ཀློག་པ་དང་། དཔེ་ཆ་བཟང་པོ་ཀློག་པ། དཔེ་ཆ་ཀློག་མཁས་པ་བཅས་བྱས་ཏེ། སྲིད་གྲོས་ཀྱི་ལས་ཀའི་ཆོས་ཉིད་དང་གྲོས་མོལ་བྱེད་ཐབས་ཀྱི་དོན་སྙིང་ཁོང་དུ་ཆུད་པ། སྲིད་སྐྱོང་ཇུས་འདོན་གྱི་རྒྱང་ལྟའི་རང་བཞིན་དང་གནད་འཁེལ་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་མཐོར་བཏེགས་ནས་མི་སེམས་དང་སྟོབས་ཤུགས་རྒྱ་ཁྱབ་ཀྱིས་གཅིག་སྡུད་བྱེད་དགོས་ཞེས་བསྟན། 

ཝང་དབྱང་གིས་ནན་གསུང་གནང་དོན། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་རྣམ་པའི་དམངས་གཙོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལེགས་སྐྱེས་འབུལ་དགོས། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་དགེ་མཚན་ལ་བརྟེན་ནས། ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག ལས་རིགས་ཁག་གི་མི་སྣ་སྒྲིག་འཛུགས་ནུས་ལྡན་བྱས་ནས་ཇུས་འདོན་སྲིད་སྐྱོང་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་ཤོག་མང་པོའི་མཉམ་ལས་གཅིག་གྱུར་དམ་ཚགས་ཡོང་བར་རྒྱུན་འཁྱོངས་བྱེད་པར་ཕན་ཐོགས་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། གཅིག་སྡུད་ལག་བསྟར་ཡང་དག་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཞུགས་པ་བཅས་གཅིག་གྱུར་དམ་ཚགས་བྱེད་པར་ཡང་ཕན་ཐོགས་པར་མ་ཟད། མཐུན་སྒྲིལ་ཇེ་དམ་དུ་ཏན་ཏིག་གིས་གཏོང་རྒྱུ་དང་ལས་ཀ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་གཅིག་གྱུར་དམ་ཚགས་བྱེད་པར་ཡང་ཕན་ཐོགས་ཡོད་པས། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་ཀྱི་ཕན་ནུས་ཆེ་རུ་བཏང་སྟེ། ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཡོད་པ་དང་།  ཐུན་མོང་གི་དམིགས་འབེན་འཚོལ་སྙེག་ཡོད་པ།  ཐུན་མོང་གི་རྩ་བའི་ཁེ་ཕན་ཡོད་པ་བཅས་ཀྱི་ཆབ་སྲིད་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས།  སྔར་བས་ལྷག་པར་རྒྱལ་ཁབ་བཅོས་སྐྱོང་ལ་ཤུགས་སྣོན་དང་སྒྲིལ་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།  

མཇུག་སྒྲིལ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་ལ་ད་དུང་ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལིག་ཧོ། ཞུས་ཆི་ལིའང་། སུན་ཁྲུན་ལན། ལི་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ། ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིན་ཞོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲི། ཀྲོའུ་ཆང་། ཀྲང་ཅུན་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་མཇུག་སྒྲིལ་ཚོགས་འདུར་ཟུར་ཞུགས་གནང་བ་དང་། ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས་པ་རེད།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ་བ་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།