ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པར་ཕྱི་རྒྱལ་གྱི་ཐོ་ཧྥུའུ་དང་། ཡ་སི། GREGMATབཅས་ཡིག་རྒྱུགས་ཁག6མེད་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་སློབ་གསོའི་ཡིག་རྒྱུགས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། སློབ་གསོ་པུའུ་ཡིག་རྒྱུགས་ལྟེ་གནས་ཀྱིས་ཚེས26ཉིན2020ལོའི་ཟླ6པར་ཕྱི་རྒྱལ་གྱི་རྒྱུགས་སྤྲོད་བྱ་བ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་རེད། བརྡ་ཐོའི་ནང2020ལོའི་ཟླ6པར་ཐོ་ཧྥུའུ་དང་། ཡ་སི། GREGMATབཅས་ཀྱི་ཡིག་རྒྱུགས་མེད་པར་བཟོ་རྒྱུ་དང་ཡིག་རྒྱུགས་ཀྱི་འགྲོ་གྲོན་ཚང་མ་རྒྱུགས་སྤྲོད་སློབ་མ་མི་སྒེར་གྱི་ཐོ་འགོད་རྩིས་ཁྲར་ཕྱིར་སློག་བྱ་རྒྱུ་ཡིན་པ་རེད།

 བརྡ་ཐོའི་ནང་། 2020ལོའི་ཟླ6པའི་ཚེས28ཉིན་གཉེར་འཆར་ཡོད་པའིLSATཡི་ཡིག་རྒྱུགས་མེད་པར་བཟོ་རྒྱུ་དང་ཡིག་རྒྱུགས་ཀྱི་འགྲོ་གྲོན་ཚང་མ་རྒྱུགས་སྤྲོད་སློབ་མ་མི་སྒེར་གྱི་ཐོ་འགོད་རྩིས་ཁྲར་ཕྱིར་སློག་བྱ་རྒྱུ་ཡིན་པ་རེད། 2020ལོའི་ཟླ6པའི་ཚེས20ཉིན་གཉེར་འཆར་ཡོད་པའི་ཅན་ཆའོ་ཡི་སྤྱི་སྤྱོད་དབྱིན་ཡིག་གི་རིམ་པ་ལྔ་པའིFCEརྒྱུགས་ལེན་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།