ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས“གྲངས་གཞིའི་ལས་སྟེགས་དཔལ་འབྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ”བཀོད་སྒྲིག་ལག་བསྟར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི“གྲངས་གཞིའི་ལས་སྟེགས་དཔལ་འབྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ”དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད། བྱ་འགུལ་དེ་ཟླ5པའི་ཟླ་མཇུག་ནས་ཟླ9པའི་ཟླ་མཇུག་བར་རྒྱུན་མཐུད་ངང་སྤེལ་རྒྱུ་རེད།

 གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས“ལས་སྟེགས་དཔལ་འབྱོར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འབབ་འཕར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ”ཞེས་པ་བརྗོད་དོན་གཙོ་བོ་བྱས་ཤིང་། དེའི་དམིགས་ཡུལ་ནི་གྲངས་འཛིན་ལས་སྟེགས་ཀྱི་དཔལ་འབྱོར་ཁེ་ལས་ལ་བརྟེན་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་དང་། བབ་བསྟུན་ལས་ཞུགས་དང་། ཁྱིམ་སྡོད་ལས་ཞུགས། རང་བརྟེན་ལས་གཏོད། ཞིང་ལས་འབབ་འཕར་བཅས་ཀྱི་གོ་སྐབས་གཅིག་སྡུད་ཐོག་མཁོ་འདོན་བྱ་རྒྱུ་དེ་རེད། དེའི་ཞབས་འདེགས་ཞུ་ཡུལ་ནི་དབུལ་ཕོངས་ས་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་དབུལ་པོ་དང་ཞིང་བ་སོགས་ཚུད་ཅིང་། དེ་ལས་ཀྱང་དམིགས་སུ་འཛིན་རྒྱུ་ནི་ད་དུང་དབུལ་ཞྭ་ཕུད་མེད་པའི་རྫོང52དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མི་ཁྲི་བཀོད་སྒྲིག་ཁུལ་གྱི་ངལ་ནུས་དབུལ་པོ་དང་ཞིང་པ་ཞོར་ལས་པ་རེད།

 མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་། གྲངས་འཛིན་དཔལ་འབྱོར་གྱི་ལས་རྣམ་གསར་པ་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བ་དང་བསྟུན་ནས་སྟབས་བསྟུན་ལས་ཞུགས་དང་། ཁྱིམ་སྡོད་ལས་ཞུགས། རང་བརྟེན་ལས་གཏོད་བཅས་ཀྱི་གོ་སྐབས་འབོར་ཆེན་བཏོད་ཡོད། དེ་ནི་ངལ་རྩོལ་པ་སྤྱི་དང་ནང་སྒོས་སུ་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་ཀྱིས་མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་དབུལ་སྐྱོར་སྡེ་ཁག་གི་གྲངས་འཛིན་ལས་སྟེགས་དཔལ་འབྱོར་ཁེ་ལས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལ་དེ་བས་མང་བའི་ལས་ཞུགས་ལས་གཏོད་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།