ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧའེ་ཡི་ཐེམ་ཁུངས་ཡིན་པའི་རྒན་རྒོན་མི་འབོར་གྱི་བསྡུར་ཚད35%ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧའེ་གྲོང་ཁྱེར་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་གྲོང་ཁྱེར་བསྡོམས་རྩིས་ཅུའུ་གཉིས་ཀྱིས་ཉིན་ཤས་སྔོན་ལ་གྲངས་གཞི་གསར་ཤོས་ཁྱབ་བསྒྲགས་བྱས་དོན། 2019ལོའི་ཟླ12པའི་ཚེས31ཉིན་བར་ཧྲང་ཧའེ་རུ་ལོ་ན60དང་དེའི་ཡན་གྱི་རྒན་རྒོན་ཁྲི518.12ཡོད་པ་རེད། དེས་ཐེམ་ཐོའི་སྤྱིའི་མི་འབོར་གྱི་35.2%ཟིན་པ་དང་བསྡུར་ཚད་དེ2018ལོའི་ལོ་མཇུག་གི34.4%ལས་བརྒྱ་ཆའི་གྲངས0.8མཐོ་རུ་ཕྱིན་ཡོད། མིག་སྔར་ཧྲང་ཧའེ་རུ་ལོ་ན100དང་དེའི་ཡན་གྱི་རྒན་རྒོན་ཁྱོན2729ཡོད་པའི་ནང་སྐྱེས་པ678དང་བུད་མེད2051ཡོད་པ་རེད།

 ཧྲང་ཧའེ་ནི་རྒྱལ་ཡོངས་སུ་མི་འབོར་རྒན་རྒོན་ཅན་དུ་འགྱུར་བ་དང་རྒན་རྒོན་ཅན་དུ་འགྱུར་ཚད་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་གྲས་རེད། གྲངས་གཞི་ལས་མངོན་པ་ལྟར་ན། ཧྲང་ཧའེ་ཡི་ཐེམ་ཐོའི་མི་འབོར་ཁྲི1471.16ཟིན་ཡོད། 2018ལོའི་ལོ་མཇུག་ནས2019ལོའི་ལོ་མཇུག་བར་ལོ་ན60དང་དེའི་ཡན་གྱི་རྒན་རྒོན་མི་གྲངས་ཁྲི14.84མང་དུ་ཕྱིན་པ་དང་། ལོ་ན70དང་དེའི་ཡན་གྱི་རྒན་རྒོན་མི་འབོར་ཁྲི12.46མང་དུ་ཕྱིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ལས14.2%ནས15.0%བར་འཕར་བ་དང་། ལོ་ན80དང་དེའི་ཡན་གྱི་རྒན་རྒོན་མི་འབོར་ཁྲི0.31མང་དུ་ཕྱིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ལས་5.58%ནས5.57%བར་མར་ཆག་པ་རེད།

 གྲངས་གཞི་ལས་ད་དུང་མངོན་པར། 2018ལོའི་ལོ་མཇུག་ནས2019ལོའི་ལོ་མཇུག་བར་ཧྲང་ཧའེ་ཡི་ཐེམ་ཁུངས་ཀྱི་ལོ་ན100དང་དེའི་ཡན་གྱི་རྒན་རྒོན་མི་གྲངས213མང་དུ་ཕྱིན་པ་དང་མི་ཁྲི10རེའི་ཁྲོད་ལོ་བརྒྱའི་རྒན་རྒོན་མི་གྲངས17.2ནས18.6བར་མང་དུ་ཕྱིན་ཡོད་པ་རེད། 2019ལོར་ཧྲང་ཧའེ་ཡི་ཐེམ་ཐོའི་མི་འབོར་གྱི་སྔོན་དཔག་ཚེ་ཚད་ལོ83.66ཡིན་ལ་དེའི་ནང་སྐྱེས་པ་ལོ81.27དང་བུད་མེད་ལོ86.14ཡིན་པ་རེད། འཁོར་རྒྱུག་མ་ལག་གི་ནད་རིགས་དང་། སྐྲན་ནད། དབུགས་ལམ་མ་ལག་གི་ནད་རིགས་ནི་རྒན་རྒོན་རྣམས་ཀྱི་བདེ་ཐང་ལ་གནོད་པའི་ལག་དམར་ཆེན་པོ་གསུམ་རེད། དེས་རྒན་རྒོན་ཤི་རྐྱེན་གྱི43.6%དང་། 29.2%།8.2%བཅས་ཟིན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།