ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉིན་པའོ་མཚོ་དོན་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚེས23ཉིན་རྒྱལ་ནང་གི་མཚོ་མཐིལ་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ཐོག་མ་སྟེ་ཡུང་ཀྲོའུ་ལྕགས་ལམ་ཅིན་ཐང་མཚོ་མཐིལ་ཕུག་ལམ་གྱི་མཚོ་ཐོག་གསོར་འབིགས་རྩད་ཞིབ་ལས་དོན་ཡོངས་སུ་ལེགས་གྲུབ་ཟིན་པས་ཁྱོན་ཡོངས་ནས་ཕུག་ལམ་གྱི་ལས་འགོ་ཚུགས་རྒྱུར་རྨང་གཞི་གལ་ཆེན་བཏིང་པ་རེད།
ཡུང་ཀྲོའུ་ལྕགས་ལམ་འཆར་འགོད་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ77ཡོད་པ་དང་། “ཟམ་པ+ཕུག་ལམ”གྱི་སྡེབ་སྒྲིག་བྱེད་ཐབས་སྤྱད་དེ་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་ཅིན་ཐང་མཚོ་མཐིལ་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ16.2ཡོད་པ་དང་། ཕུག་ལམ་ཆེས་གཏིང་ཤོས་ནི་མུས78ཟིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མཚོ་ཐོག་གསོར་འབིགས་རྩད་ཞིབ་བྱ་རྒྱུ་དེ་གཙོ་བོ་མཚོ་ཐོག་ལས་སྟེགས་དང་ཨར་ལས་གྲུ་གཟིངས་ཀྱིས་འཁྱེར་བའི་གསོར་འབིགས་འཕྲུལ་འཁོར་ལ་བརྟེན་ནས་མཚོ་མཐིལ་གྱི་ས་རིམ་དངོས་པོ་དཔེ་ལེན་བྱེད་ཀྱིན་ཡོད། དཔེ་མཚོན་དངོས་རྫས་ཀྱི་ཡུལ་དངོས་དབྱེ་ཞིབ་དང་ཚོད་ལྟ་ཁང་གིས་དབྱེ་ཞིབ་ལས་མཚོ་མཐིལ་གྱི་ས་གཤིས་ཆ་འཕྲིན་མང་པོ་ཐོབ་པ་མ་ཟད། ཕུག་ལམ་དེ་བརྒྱུད་པའི་ས་ཁུལ་གྱི་ས་དབྱིབས་དང་། ས་རིམ། བྲག་ངོས་བཅས་རྒྱུས་ལོན་ཞིབ་གསལ་བྱེད་པ་དང་ཕུག་ལམ་གྱི་བྲག་བསྐོར་རང་བཞིན་དང་། གྲུབ་ཚུལ། ས་འོག་གི་ཆུ་བཅས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱེད་ཐུབ།
ཉིན་པའོ་མཚོ་དོན་ཅུའུ་མཁའ་འགྲུལ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ཅིན་ཐང་མཚོ་མཐིལ་ཕུག་ལམ་གྱི་མཚོ་ཐོག་གསོར་འབིགས་རྩད་ཞིབ་ལས་ཀ་དེ་འགྲིམ་འགྲུལ་གྱི་བྲེལ་བ་ཆེ་བའི་ཡུང་ཅང་ཁུག་མཚོ་ཁོངས་སུ་གནས་པ་དང་། ཆུ་ཁོངས་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་ལ་ཨར་ལས་ཀྱི་དཀའ་ཚད་ཅུང་ཆེ་བ་རེད། ད་ལོའི་ཟླ3པ་ནས་བཟུང་། མཚོ་དོན་སྡེ་ཁག་གིས“དྲ་ཐོག་ཞིབ་བཤེར”དང“སྤྲིན་སྟེགས་ལྟ་སྐུལ”སོགས་ཞབས་ཞུའི་བྱ་ཐབས་གསར་གཏོད་བྱས་ནས་རྣམ་གྲངས་དེ་བདེ་བླག་ངང་ལས་འགོ་བསྐྱར་ཚུགས་བྱེད་རོགས་བྱས། མིག་སྔར་རིམས་ནད་ཀྱིས་ལས་གྲྭའི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་མེད་པ་རེད། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
རྒྱལ་ནང་གི་མཚོ་མཐིལ་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ཐོག་མའི་མཚོ་ཐོག་གསོར་འབིགས་རྩད་ཞིབ་ལས་དོན་ལེགས་སྒྲུབ་བྱུང་བ།