ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་དམངས་གཙོ་མནའ་མཐུན་དང་ཀྲི་གུང་ཏང་། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་དམངས་གཙོ་མནའ་མཐུན་དང་ཀྲི་གུང་ཏང་། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། 

ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་དམངས་གཙོ་མནའ་མཐུན་དང་ཀྲི་གུང་ཏང་། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོས་གཏམ་བཤད་ལ་ཉན་རྗེས། ཀྲའོ་ལི་ཅི་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་ནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམིགས་ནས་འགན་སྒྲུབ་ནན་མོ་བྱས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་སོགས་ཀྱི་ལས་འགན་གལ་ཆེན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས། མིག་སྔར་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་ལ། ད་ལོའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་དཀའ་ཁག་དང་འགྲན་རྩོད་མང་པོར་འཕྲོད་ཡོད་པས། ཨུ་ཡོན་ཚོས་སྤྱི་ཡོངས་བསམ་པ་དང་ཁག་ཁུར་བྱེད་ཕོད་པ། འབད་འཐབ་ལྷོད་མེད་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་ནན་མོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱེད་པ་སོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལ་དམ་དུ་དམིགས་ནས་བློ་འདོན་ཇུས་འབུལ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་ང། སྲུང་སྐྱོབ་གཉིས་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།