ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཧེ་ལུང་ཅང་གི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཧེ་ལུང་ཅང་གི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་ཀྲའོ་ལི་ཅི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་མཐའ་གཅིག་ཏུ་ཁས་ལེན་བྱེད་བཞིན་ཡོད་ཟེར། སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཉིས་སྟོང་བཅུ་དགུ་ལོ་ནས་ད་ལོའི་ཚུན་གྱི་བར་བར་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་ཡོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མིག་སྔའི་གནས་བབ་ལ་ཞིབ་འཇུག་དང་དཀའ་ཁག་དང་འགྲན་རྩོད་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་ལ། དངོས་ཐོག་བདེན་འཚོལ་གྱིས་དམིགས་འབེན་ལས་འགན་གཏན་འཁེལ་བྱས་ཡོད་པས། དེ་ནི་དངོས་འཚོལ་བདེན་གཉེར་དང་སེམས་ཤུགས་གཅིག་འདྲིལ་གྱི་སྙན་ཞུ་བཟང་བོ་ཞིག་རེད་ཟེར། 

ཀྲའོ་ལི་ཅི་ཡིས་བསྟན་དོན། འདས་པའི་ལོ་གཅིག་ལྷག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་གྲུབ་འབྲས་གསར་བ་བླངས་ཡོད། གློ་བུར་དུ་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་མདུན་ནས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེ་ཕྱོགས་ལ་གཅིག་གྱུར་བཀོད་འདོམ་དང་ཐག་གཅོད་གང་ལེགས་བྱས་ཤིང་། དུས་བབ་དང་ཡུལ་བབ་ལ་བསྟུན་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་བཏོན་པ་དང་། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། སྤྱི་ཚོགས་ཆེ་ཕྱོགས་ཀྱིས་གཏན་འཇགས་སྲུང་ནས་ཏང་གི་མགོ་ཁྲིད་དང་རང་རྒྱལ་གི་སྤྱི་ཚོགས་རིང་ལུགས་ལམ་ལུགས། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་སྟོབས་དང་ལྡན་པའི་གསོན་ཤུགས་དང་ཁྱད་འཕགས་རང་བཞིན་གང་ལེགས་སྒོས་མངོན་པར་བྱས་ཡོད་ཟེར། 

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། གནས་བབ་ཇི་ལྟར་རྙོག་འཛིང་ཡིན་ན་ལས་འགན་དེ་ལྟར་དཀའ་ཚེགས་ཆེ་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་བརྟན་པོ་ཡོང་བ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་བཅས་ལ་ལྷག་ཏུ་ཤུགས་བཏོན་ནས། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་གནས་བབ་ཀྱི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ཏང་སྲོལ་སྲིད་སྲོལ་བཟང་བོས་བྱ་བ་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ། འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ་སོགས་ཐབས་ཇུས་བཀོད་སྒྲིག་ལ་བརྟེན་ནས་ལྟ་རྟོག་དང་དངོས་འབེབ་འགན་སྲུང་ལ་ཤུགས་སྣོན་བྱེད་དགོས་ཟེར། 

ཀྲའོ་ལི་ཅི་ཡིས་ཧེ་ལུང་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་དཀའ་ཁག་གདོང་གིས་བསུ་བ། གོ་སྐབས་དམ་འཛིན་བཅས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།