རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་བསྡུས།

1126016696_15900844314301n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན་གྱི་དགོང་མོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུ་འགོ་འཛིན་བྱས།  ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་ཞུགས་དགོས་པའི་མི174ཡོད་པ་དང་དངོས་སུ་ཞུགས་པའི་མི173ཡོད་ལ།  ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། 

ཚོགས་འདུའི་སྟེང་ཐོག་མར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་པ་རེད།  ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་འགན་འཁུར་དགོས་ཤིང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡིས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་སྐོང་ཚོགས་དང་འགོ་འཛིན་གནང་དགོས། 

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཉིན་རེའི་གྲོས་རིམ་ལ་གྲོས་འཆམ་བྱུང་། ཚོགས་འདུའི་ཉིན་རེའི་གྲོས་རིམ་ལྟར་ན་ཐེངས་འདིའི་ཚོགས་ཆེན་དེ་ཟླ5པའི་ཚེས22ཉིན་གྱི་སྔ་དྲོར་འགོ་རྩོམ་རྒྱུ་ཡིན་པ་དང་ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར་མཇུག་སྒྲིལ་རྒྱུ་རེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་ཞིག་འདེམས་སྒྲུག་བྱས་ཏེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་རེའི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་དུ་འཇུག་དགོས། བརྡས་ཐག་བཅད་པ་བརྒྱུད་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བདམས་པ་རེད། 

ཚོགས་འདུའི་ཐོག་དབྱང་ཀྲེན་ཝུའུ་དང་། ཞིན་ཁྲུན་ཡིང་། ལིས་ཧྥེ། ཀྲང་ཡེ་སུའེ། ཐང་ཧྥང་ཡུས། ལི་པའོ་རུང་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་གཏན་འཁེལ་བྱས་པ་དང་། ཀྲང་ཡེ་སུའེ་ཡིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་འཁུར་རྒྱུ་གཏན་འཁེལ་བྱས་པ་རེད། 

ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་བརྡས་ཐག་གཅོད་ཐབས་གཏན་འཁེལ་བྱས་པ་རེད། ཚོགས་འདུའི་ཐོག་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ནི་ཟླ5པའི་ཚེས25ཉིན་གྱི་སྔ་དྲོའི་དུས་ཚོད12ཡིན་པ་དང་། ཚོགས་འདུ་འཚོག་རིང་ཚོགས་ཆེན་གྱི་དྲུང་ཡིག་ཁང་གིས་འཐུས་མི་ཚོགས་པ་དང་འཐུས་མིས་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱས་ཏེ་ཐག་གཅོད་བསམ་འཆར་བཏོན་ནས་ཀྲུའུ་ཞི་ཚོགས་པར་གྲོས་ཐག་གཅོད་པའི་སྙན་ཞུ་འབུལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།