ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་ཚོགས་འགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་ཚོགས་འགོ་བརྩམས་ཤིང་། ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཕེབས་ནས་ཤིས་ཚིག་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས21ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་འགོ་བརྩམས།

2020052116531923A4.jpg

ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད་པའི་རྣམ་པ། 

20200521165634YkPl.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་གྲོས་ཚོགས་ལ་བྱ་བའི་སྙན་ཞུ་འབུལ་བཞིན་པ།

ཝང་དབྱང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ་ཞིང་། ཀྲང་ཆིང་ལི་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་དང་། ཀྲེང་ཅན་པང་གིས་གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

ཐོག་མའི་ཕུགས་འདུན་མི་བརྗེད་པར་བསྐྱར་དར་གྱི་སྟོབས་ཤུགས་གཅིག་སྒྲིལ་སྒོས། ལག་གདང་སྦྲེལ་ནས་མདུན་བསྐྱོད་ཀྱིས་གོང་འཕེལ་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱེད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས21ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་འགོ་བརྩམས་ཤིང་། ཐེངས་འདིའི་གྲོས་ཚོགས་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་དམིགས་འབེན་གྱི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ཏེ་ཧུར་ཐག་གིས་རང་འགན་གཙང་སྒྲུབ་དང་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

མི་དམངས་ཚོགས་ཁང་ཆེན་མོའི་ནང་གློག་འོད་ཆེམ་ཆེམ་འཕྲོ་བ་དང་ཚོགས་རར་རྔམ་བརྗིད་ཀྱིས་ཁེངས་ཤིང་། ཀྲུའུ་ཞི་སྟེགས་བུའི་དཀྱིལ་དབུས་སུ་བཀལ་བའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་འོད་ཆེམ་ཆེམ་འཕྲོ་བ་དང་དམར་མདངས་བཀྲ་བའི་དར་དམར་བཅུ་གཞོགས་གཉིས་སུ་བསྒྲིགས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲེན་ཀུང་། ཝང་ཀྲེང་ཝེ། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་ཡིང་། ཞ་པའོ་ལུང་། ཡང་ཁྲོན་ཐང་། ལི་པིན། པ་ཐར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད་ཅིང་། ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་མ་གཞི་ཨུ་ཡོན2151ཞུགས་དགོས་པ་དང་། དངོས་སུ་ཨུ་ཡོན2057ཞུགས་ཡོད་པས་དེ་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན།

ཕྱི་དྲོའི་ཆུ་ཚོད3གྱི་སྟེང་ཀྲང་ཆིང་ལི་ཡིས་གྲོས་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་གནང་བ་དང་མཉམ་དུ་ཨུ་ཡོན་ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས། དེའི་རྗེས་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ངག་བསྡམས་ནས་སྐར་མ་གཅིག་ལ་མྱ་ངན་ཞུས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཁྲོད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་ཚེ་འདས་སྤུན་ཟླ་རྣམས་ལ་མྱ་ངན་ཞུས་པ་རེད།

ཚོགས་ཆེན་སྟེང་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་ཞུ་གནང་བ་རེད།

ཝང་དབྱང་གིས་ནན་གྱིས་བསྟན་དོན། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་ཡང་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་བའི་འགན་འཁྲི་དང་ལས་འགན། རྩ་བའི་བླང་བྱ། གཙོ་གནད་བཅས་རྒྱས་བཤད་གནད་དུ་ཁེལ་བ་བྱས་ཏེ། མི་དམངས་སྲིད་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་བར་གྱི་ནང་གནས་འབྲེལ་བ་གསལ་སྟོན་གཏིང་ཟབ་བྱས་པ་མ་ཟད། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་དུ་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་།

ཝང་དབྱང་གིས་འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་མི་དམངས་སྲིད་གྲོས་ཀྱི་བྱ་བར་སྤྱི་སྡོམ་གནང་། ཁོས་གསུང་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས“གནས་ལྔ་གཞི་གཅིག”གི་སྤྱི་ཡོངས་ལ་བཀོད་འདོམས་སྐུལ་འདེད་བཏང་བ་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་དམ་དུ་དམིགས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པ་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་ལས་འགན་ལ་དམིགས་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་འགན་ནུས་ཁག་ནན་ཏན་གྱིས་བསྒྲུབས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། ཉེ་དུས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་འཐབ་རྩོད་ཁྲོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། སྲིད་གྲོས་ཀྱི་རྩ་འཛུགས་རིམ་པ་ཁག་དང་། ཞུགས་མཁན་ལས་ཁུངས་དག རྒྱ་ཆེའི་ཨུ་ཡོན་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་ཞུགས་པར་སྐུལ་སློང་བྱས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་སོ་སོའི་ལས་གནས་སྟེང་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲིའི་འདུ་ཤེས་མངོན་པར་བྱས་ཡོད་ཅེས་གསུངས།

ཝང་དབྱང་གིས་བསྟན་དོན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན། མི་དམངས་སྲིད་གྲོས་བྱ་བའི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་དམ་ཟབ་ཏུ་གཏོང་བར་ཕན་ཚུན་སྦྲེལ་མཐུད་དང་། ཐབས་འདོན་སྲིད་སྐྱོང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ཕྱོགས་གཉིས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས་པར་གསུངས་པ་མ་ཟད། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱིས་ནུས་པ་འདོན་སྤེལ་བྱས་ཏེ། མི་དམངས་སྲིད་གྲོས་ལ་ཞུགས་པའི་ཏང་ཤོག་དང་ཚོགས་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་རྒྱ་ཁྱབ་ཏུ་མཐུན་སྒྲིལ་ལ་སྐུལ་སློང་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ནས། རང་འགན་གཙང་སྒྲུབ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་བྱས་རྗེས་འཇོག་དགོས་ཞེས་གསུངས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང《ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར》དང་། མིག་སྔར་དང་མ་འོངས་པའི་དུས་སྐབས་རིང་གི་མི་དམངས་སྲིད་གྲོས་ཀྱི་གཙོ་གནད་ཀྱི་ལས་དོན་བཀོད་སྒྲིག་དང་ངེས་པར་དུ་མུ་མཐུད་དུ་ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ཏེ། གཞི་རྩ་བརྟན་པོ་དང་རྨང་གཞི་བརྟན་པོ་ཡོང་བར་དོ་སྣང་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་གོ་རིམ་ལྡན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་མ་ཟད། ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པའི་ལས་ཀ་གཏིང་ཟབ་ཏུ་སྒྲུབ་པ་དང་། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་བཟང་པོ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་བཟང་པོ་གཏོང་དགོས་ཞེས་གསུངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཚོགས་ཞུགས་ཚན་པ་ཁག  ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་གྲོས་ཚོགས་ཐེངས་གཉིས་པར་གྲོས་གཞི5488བཏོན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད། གྲོས་གཞི་ཁག4089ཐོ་འགོད་བྱས་ཏེ།   ལས་ཁུངས175ལ་བསྒྲུབ་ཏུ་བཅུག་པ་དང་། ཚང་མ་དུས་ལྟར་བསྒྲུབས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིའི་ལས་ཀའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་བ་དང་། ལས་ཀའི་ལམ་ལུགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། གྲོས་གཞི་བདག་གཉེར་དང་གྲོས་མོལ་བྱེད་པའི་ཁྲོད་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་རྒྱུན་འཁྱོངས་ཁྲོད་འཕེལ་རྒྱས་བཏང་བ་དང་། སྲ་བརྟན་ཁྲོད་འཐུས་ཚང་དུ་བཏང་ཡོད།  

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་དབུ་ཁྲིད་བློ་མཐུན་གྲས་སུ་ད་དུང་ཏེན་ཞུའེ་ཞང་དང་། ཝང་ཁྲིན། ལིའུ་ཧི། ཞུས་ཆི་ལེའང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲེན་ཞི། ཁྲིན་ཆོན་གོ ཁྲེན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡུག་ཆོན། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པིང་ཞོན། ཨའེ་ལེ་ཀེང· དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲིན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥིང་། ཝུའུ་ཝེ་ཧྭ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲེ། ཀྲོའུ་ཆང་། ཀྲང་ཅུན་སོགས་ཡོད་པ་རེད། 

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ་ཡང་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།