ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126016444_15900702062241n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟླ5པའི་ཚེས21ཉིན་གྱི་དགོང་མོའི་དུས་ཚོད21དང་སྐར་མ40སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོ་བྱེད་པ་དང་ཐུན་མོང་གི་སྤྱི་བའི་འཕྲོད་བསྟེན་དང་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད་ཡོངས་བསྒྲགས་ཚོགས་འདུ་དྲ་རྒྱའི་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བསྡུས་པ་རེད། ཚོགས་འདུའི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་དམངས་འཐུས་ཚོགས་ཆེན་ལས་དོན་གྱི་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 

1126016444_15900705419021n.jpg

ཀྲང་ཡེ་སུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ5པའི་ཚེས22ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་འགོ་རྩོམ་རྒྱུ་ཡིན་པ་དང་། ཟླ5བའི་ཚེས28ཉིན་མཇུག་བསྒྲིལ་རྒྱུ་དང་ཚོགས་འདུ་དུས་ཡུན་ཉིན7རིང་འཚོག་རྒྱུ་ཡིན་ལ་དེའི་རིང་བསྡོམས་པས་ཚང་འཛོམས་གྲོས་ཚོགས་ཐེངས3བཀོད་སྒྲིག་བྱས་ཡོད།  ཚོགས་ཆེན་ལ་གྲོས་རིམ་ཁག9ཡོད་པ་སོ་སོ་ནི་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ་དང་། འཆར་གཞིའི་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱ་རྒྱུ། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱ་རྒྱུ། དམངས་དོན་ཁྲིམས་གཞུང་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ། དེ་བཞིན་དོན་ཚན་གཞན་དག་ལ་གྲོས་ཞིབ་བྱ་རྒྱུ་བཅས་རེད། །

1126016444_15900720114241n.jpg

1126016444_15900727192911n.jpg

1126016444_15900735483601n.jpg

1126016444_15900741466311n.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།